རྒྱ་གར་ནང་ཉལ་ཐ་ཁབ་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བ།

རྒྱ་གར་ནང་ཉལ་ཐ་ཡི་ཁབ་བེད་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས་ཨེདྲ་སི་ནད་གཞི་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁའང་ཆེ་རུ་འགྲོ་གི་ཡོད་པ།

2008.11.13

༄༅༎རྒྱ་གར་ནང་ཉལ་ཐ་ཡི་ཁབ་བེད་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས་ཨེདྲ་སི་ནད་གཞི་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁའང་ཆེ་རུ་འགྲོ་གི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

འཛམ་གླིང་མཉམ་འབྱེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ཨེདྲ་སི་ནད་གཞིའི་ལས་དོན་ཚན་པའི་འགན་འཛིན་སྐུ་ཞབས་པི་ཀྲར་པ་ཡེདྲ་ནས་རོའུ་ཀྲར་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བར་ལྟར་ན་རྒྱ་གར་ལྟ་བུའི་མི་འབོར་ཧ་ཅང་ཆེ་བའི་རྒྱལ་ཁབ་ནང་གལ་སྲིད་ཉལ་ཐ་ཡི་ཁབ་བེད་སྤྱོད་བྱེད་རྒྱུར་སྔོན་འགོག་དང་བཀག་འདོམས་བྱེད་ཐུབ་པ་ཡིན་ན་ཨེདྲ་སི་དང་ནད་དེའི་ནད་འབུ་ཁྱབ་གདལ་ཧ་ཅང་ཤུགས་ཆེན་པོའི་ཏོག་ནས་འགྲོ་རྒྱུའི་ཉེན་ཁ་ཡོད་ལུགས་གསུངས་འདུག ཁོང་གིས་ཉལ་ཐ་རིགས་བེད་སྤྱོད་བྱེད་མཁན་རྒྱ་གར་བྱང་ཤར་དང་བྱང་ཕྱོགས་ཁུལ་ཧ་ཅང་ཤུགས་ཆེན་པོའི་ཐོག་ནས་ཁྱབ་གདལ་འགྲོ་གི་ཡོད་པ་ནི་སེམས་འཚབ་ཆེན་པོ་སྐྱེས་དགོས་པ་ཞིག་རེད་ཅེས་དཔེ་མཚོན་དུ་བྱང་ཕྱོགས་ཀ་ཤི་མིར་དང་ཡུ་པི།སྦི་ཧའར་མངའ་སྡེ་སོགས་ཀྱི་ནང་ཇེ་མང་དུ་འགྲོ་གི་ཡོད་པ་ལུང་འདྲེན་གནང་འདུག ཞིབ་མཇུག་སྡོམ་རྩིས་བྱས་ན་རྒྱ་གར་ནང་ཉལ་ཐ་བེད་སྤྱོད་བྱེད་མཁན་བརྒྱ་ཆ་བཅུ་ཙམ་རིམ་པས་ནད་འབུ་འདི་ཁྱབ་གདལ་འགྲོ་གི་ཡོད་པ་ནི་སྨད་ཚོང་མའི་མཉམ་ལུས་འབྲེལ་བྱས་པ་བརྒྱུད་བགོས་ཀྱི་ཡོད་པ་ལས་ཤུགས་ཆེ་བ་ཡོད་པའི་སྐོར་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎