རྒྱ་གར་དུ་བོད་ཁྱིམ་སློབ་ཕྲུག་བར་མཚན་ཉིད་འགྲན་བསྡུར།

རྒྱ་གར་ནང་ཡོད་པའི་མ་སུ་རི་བོད་ཁྱིམ་སློབ་གྲའི་ནང་གཞི་རིམ་སློབ་གྲ་ནང་ཁུལ་གྱི་མཚན་ཉིད་འགྲན་བསྡུར་ཐེངས་གཉིས་པ་དེ་ཚུགས་བཞག

2008.11.06

༄༅༎རྒྱ་གར་ནང་ཡོད་པའི་མ་སུ་རི་བོད་ཁྱིམ་སློབ་གྲའི་ནང་གཞི་རིམ་སློབ་གྲ་ནང་ཁུལ་གྱི་མཚན་ཉིད་འགྲན་བསྡུར་ཐེངས་གཉིས་པ་དེ་ཚུགས་བཞག

དེ་ཡང་མ་སུ་རི་བོད་ཁྱིམ་ནས་གོ་སྒྲིག་གནང་བའི་ཐོག་བོད་ཁྱིམ་སློབ་གྲྭའི་ཚེ་རིང་སྒྲོལ་མ་ཚོགས་ཁང་ནང་མཚན་ཉིད་འགྲན་བསྡུར་དེ་ཚོགས་ཡོད་པ་དང་ཉིན་གཉིས་ཀྱི་མཚན་ཉིད་འགྲན་བསྡུར་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ས་སྐྱ་མཐོ་སློབ་ཀྱི་མཁན་པོ་རྒྱ་མཚོ་ལགས་ཕེབས་ཡོད་པ་དང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུས་གནང་བཞག ཐེངས་འདིའི་འགྲན་བསྡུར་ནང་མ་སུ་རི་གཏན་འཇགས་སློབ་གྲྭ་དང་སྤོན་གྲ་གཏན་སློབ།རྡ་ས་བོད་ཁྱིམ་སློབ་གྲྭ།སུ་ཇ་བོད་ཁྱིམ་སློབ་གྲྭ།སམ་སྦོ་ཌའི་སློབ་ཁོངས་ཅོན་ཏ་ར་དང་སྦུན་ཏར་བདེ་སྐྱིད་གླིང་དེ་བཞིན་མ་སུ་རི་དང་ར་ཇེ་པུར་བོད་ཁྱིམ་བཅས་ཀྱི་འཛིན་རིམ་བདུན་པ་དང་བརྒྱད་པའི་སློབ་ཕྲུག་རྣམས་ནས་མཉམ་ཞུགས་གནང་བཞག འཛིན་རིམ་བདུན་པའི་མཚན་ཉིད་འགྲན་བསྡུར་གྱི་ཨང་དང་པོ་དེ་རྡ་ས་བོད་ཁྱིམ་སློབ་གྲྭར་ཐོབ་ཡོད་པ་དང་ར་ཇེ་པུར་བོད་ཁྱིམ་སློབ་གྲྭ་དང་སུ་ཇ་བོད་ཁྱིམ་སློབ་གྲྭར་ཨང་གཉིས་པ་དང་གསུམ་པའི་བྱ་དགའ་ཐོབ་བཞག འཛིན་རིམ་བརྒྱད་པའི་མཚན་ཉིད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དེ་སུ་ཇ་བོད་ཁྱིམ་སློབ་གྲྭ་དང་མ་སུ་རི་བོད་ཁྱིམ་དང་རྡ་ཤོད་བོད་ཁྱིམ་སློབ་གྲྭ་ཨང་གཉིས་པ་དང་གསུམ་པའི་བྱ་དགའ་གསོལ་སྩལ་བྱུང་བཞག བཙན་བྱོལ་གཞུང་གི་ཤེས་རིག་བཀའ་བློན་མཆོག་གིས་བྱ་དགའ་གསོལ་སྩལ་གནང་བཞག བོད་པའི་གཞི་རིམ་སློབ་གྲྭ་ནང་ཁུལ་དབར་གྱི་མཚན་ཉིད་འགྲན་བསྡུར་ཐེངས་དང་པོ་དེ་ཕྱི་ལོ་༢༠༠༥ལོར་ཚུགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎