རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་ལ་་སྐྱོན་བརྗོད།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འགོག་རྐྱེན་བཟོ་ཡི་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་གསལ་འདོན་གནང་བཞག་

2011.05.19

༄༅༎རྒྱ་བོད་གཉིས་དབར་བཞག་པའི་གྲོས་མཐུན་དོན་ཚན་༡༧སྐོར་རྒྱ་ནག་གཞུང་གི་ལོ་རྒྱུས་ལ་འཁྱོག་བཤད་ཅན་གྱི་དྲིལ་བསྒྲགས་བྱེད་བཞིན་པ་དེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འགོག་རྐྱེན་བཟོ་ཡི་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་གསལ་འདོན་གནང་བཞག་༎

༡༩༥༡ལོའི་ཕྱི་ཟླ་༥པའི་ཚེས་༢༣ཉིན་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་༡༧བཞག་ཏེ་ད་ཆ་ལོ་ངོ་དྲུག་བཅུ་འཁོར་ལ་ཉེ་བའི་སྐབས་རྒྱ་ནག་གཞུང་གིས་གོང་གསལ་གྱི་གྲོས་མཐུན་གཞིར་བཟུང་སྟེ་ བོད་བཅིངས་བཀྲོལ་བཏང་ནས་ལོ་ངོ་དྲུག་བཅུ་འཁོར་བ་ཟེར་བའི་དུས་དྲན་སྲུང་བརྩི་ཞུ་འཆར་ཡོད་པ་རེད་ རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གནས་ཚུལ་བཀོད་ཕྱོགས་ནང་ གྲོས་མཐུན་དོན་ཚན་༡༧གྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་ བོད་ཐོག་རྒྱ་ནག་གི་བདག་དབང་དག་བུད་་བྱེད་ཐབས་བྱེད་བཞིན་པ་དེར་ ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག དེ་ཡང་ཚེས་༡༩ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་ རྒྱ་ནག་གཞུང་གིས་ད་ལྟ་བོད་ཐོག་དངོས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་ གྲོས་མཐུན་དོན་ཚན་བཅུ་བདུན་ཀྱི་ནང་དོན་དབར་བར་ཁྱད་ཤིན་ཏུ་ཆེ་བའི་སྐོར་གསལ་འདོན་བཞག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ལྕམ་མེ་རི་སྦེཐ་མའར་ཀི་Mary Beth Markeyལགས་ཀྱིས་་ རྒྱ་ནག་གཞུང་གིས་གྲོས་མཐུན་དོན་ཚན་༡༧པའི་དགའ་སྟོན་སྲུང་བརྩི་བྱེད་པ་དེ་ རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་རང་དབང་དང་ཐོབ་ཐང་ཁས་ལེན་བྱས་པ་དེ་དག་ དངོས་སུ་དོན་འཁྱོལ་ཅི་ནས་མེད་པའི་དགའ་སྟོན་སྲུང་བརྩི་ལྟ་བུ་ཡིན་པའི་སྐོར་སྐྱོན་བརྗོད་གནང་བཞག་  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁག་གིས་གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན་ རྒྱ་བོད་དབར་གྱི་གྲོས་མཐུན་དོན་ཚན་༡༧པའི་ནང་ བོད་མི་རྣམས་ལ་རང་སྲིང་རང་སྐྱོང་གི་ཐོབ་ཐང་ཁས་ལེན་བྱས་ཡོད་ཀྱང་ གྲོས་མཐུན་གཏན་འབེབས་བྱས་པ་བཟུང་ འདས་པའི་ལོ་ངོ་༦༠ཐམ་པའི་རིང་ རྒྱ་ནག་གཞུང་གིས་གྲོས་མཐུན་གྱི་དོན་ཚན་ཁག་ལ་བརྩི་སྲུང་བྱ་རྒྱུའི་ཚབ་ ཐུན་མོང་མ་ཡིན་པའི་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་ རྩ་རླག་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱས་དང་བྱ་མུས་ཁར་ བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མུས་ཡིན་པའི་བྱ་སྤྱོད་གསལ་འདོན་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎