༸གོང་ས་མཆོག་གི་མཛད་འཕྲིན་ལ་བསྔགས་བརྗོད།

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་བརྩི་སྤྲོད་གནང་རྒྱུའི་ཐག་གཅོད་གནང་པ་དེར་རྒྱལ་སྤྱིའི་བསྔགས་བརྗོད་ཆེན་པོ་ཞུ་ཡི་ཡོད་འདུག

2011.04.07

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ ཆབ་སྲིད་ཀྱི་མཛད་འགན་བརྩི་སྤྲོད་གནང་རྒྱུའི་ཐག་གཅོད་གནང་པ་དེར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་བསྔགས་བརྗོད་ཆེན་པོ་ཞུ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཁ་ས་ཚེས་༦ཉིན་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེ་ནང་རྟེན་གཞི་བྱས་པའི་ཀོསིཏ་རི་པོཏ་ཨོན་ལའེན་(Coast Report Online)ཞེས་པའི་དྲ་རྒྱའི་གསར་ཤོག་ཐོག་གསར་འགོད་པ་ཇེ་སེན་མོ་རེཤ་ཞུ་བས་དཔྱད་གཏམ་ཞིག་སྤེལ་བའི་ནང་ རྒྱལ་སྤྱིའི་ཐོག་ཉེ་དུས་ཨབ་རི་ཀའི་ལི་བི་ཡ་རྒྱལ་ནང་མང་ཚོགས་ནས་དམངས་གཙོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལ་དོ་སྣང་རྒྱ་ཁྱབ་བྱེད་ཀྱི་ཡོད་ནའང་ དམངས་གཙོའི་འཕེལ་རིམ་གྱི་ཆ་ནས་ཉེ་ལམ་བོད་མིའི་དབུ་འཁྲིད་ཏ་ལའི་བླ་མ་མཆོག་ནས་ཆབ་སྲིད་ཀྱི་མཛད་འགན་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་པ་དེས་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ངོ་བོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འགྱུར་ལྡོག་གི་མཛད་པ་བསྐྱངས་ཡོད་པའི་སྐོར་བསྔགས་བརྗོད་ཞུས་འདུག གསར་འགོད་པ་ཇེ་སེན་མོ་རེཤ་གིས་རྩོམ་བྲིས་ནང་གསལ་ལྟར་ན་ ༸གོང་ས་ཏ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་དང་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུའི་ཐག་གཅོད་གནང་དགོས་དོན་ཐད་མང་པོས་ཚོད་དཔག་སྣ་ཚོགས་བྱེད་བཞིན་ཡོད་ཀྱང་ ཐག་གཅོད་དེ་བཞིན་དོན་སྙིང་ལྡན་པ་ཞིག་དང་ ༸གོང་ས་མཆོག་གིས་དགོངས་གཞི་གསལ་འདོན་གནང་པ་ལྟར་ བོད་མི་ཚོར་ཕུགས་འགྱངས་ཀྱི་ཕན་རླབས་ཤིན་ཏུ་ཆེ་བ་ཡོང་རྒྱུ་མ་ཟད་ ལྷག་པར་དུ་རྒྱ་ནག་དང་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ བོད་མི་མང་ཚོགས་ཀྱི་ནུས་ཤུགས་མངོན་པར་ཐུབ་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག གསར་འགོད་པ་ཇེ་སེན་ཡིས་རྩོམ་བྲིས་ནང་མུ་མཐུད་བཀོད་པར་ དུས་རབས་བཞི་ལྷག་ཙམ་རིང་བོད་མིའི་སྤྱི་ཚོགས་ནང་ཏ་ལའི་བླ་མ་རིམ་བྱོན་གྱི་ཆོས་སྲིད་བཟུང་འབྲེལ་གྱི་སྲོལ་རྒྱུན་དེར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་སྲིད་དབྱེ་འབྱེད་གནང་རྒྱུའི་དགོངས་གཞི་དེས་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་དང་འགན་འཁུར་དེ་ མང་ཚོགས་ཀྱི་འོས་བསྡུའི་ལམ་ནས་གཏན་འབེབས་གནང་རྒྱུའི་ལམ་སྲོལ་གསར་གཏོད་མཛད་པ་དེས་ མ་འོངས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་འདེམས་ཕྱོགས་ནང་རྒྱ་ནག་གཞུང་གི་ཐེ་ཇུས་བྱ་རྒྱུའི་ནུས་པ་ཉམ་རྒུད་དུ་ཡང་བཏང་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎