བོད་ཀྱི་གྲོང་ཁྱེར་དང་གྲོང་སྡེ་འཛུགས་བསྐྲུན་གསར་པ།
2015.12.03
༄༅།།རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་དུ་ཡོད་པའི་ཕན་པོ་ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་རྫོང་། སྟག་རྩེ་རྫོང་བཅས་ཀྱི་ནང་། བོད་ཁམས་ཡོངས་རྫོགས་སུ་མེད་པའི་རྒྱ་ཁང་ལ་བསྒྱུར་་དགོས་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག།
དེ་ཡང་རྒྱ་ནག་གཞུང་གི་བོད་ནང་ལ་གྲོང་ཁྱེར་དང་གྲོང་སྡེ་འཛུགས་བསྐྲུན་གསར་པ་ཟེར་བའི་འཆར་གཞི་འོག སྟག་རྩེ་རྫོང་དང་མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་བཅས་ལ་༢༠༡༦་ལོ་ནས་འགོ་བཙུགས་ནས་༢༠༢༠་ནང་ཚུད་ལ་བོད་པའི་ཁང་པ་ཡོངས་རྫོགས་རྒྱ་ཁང་ལ་བསྒྱུར་དགོས་པའི་སྐོར་ལས་འཆར་བཙན་འགེལ་བྱེད་ཀྱི་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིསརླུང་འཕྲིན་ཁང་ལ་་གནས་ཚུལ་ངོ་སྤྲོད་གནང་འདུག།
ཡང་གནས་ཚུལ་ངོ་སྤྲོད་པས་གསུངས་ན་། རྒྱ་ནག་གི་རྒྱ་ལུགས་ཀྱི་གྲོང་ཁྱེར་འཛུགས་བསྐྲུན་གྱི་ལས་འཆར་ཐོག་ས་གནས་བོད་མི་རྣམས་ཀྱིས་འདོད་པ་བྱེད་ཀྱི་མེད་པ་དང་འོན་ཀྱང་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་དུས་ཐབས་ཤེས་གཞན་མེད་པའི་གནས་སྟངས་སུ་གྱུར་ཡོད་པ་རེད་འདུག།