༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཚུལ་དུ་ཟ་ཁང་འཛུགས་རྒྱུ།

ཨ་རིའི་ནང་གི་མ་བྱན་ཆེན་མོ་ཞིག་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཚུལ་དུ་གནས་མཆོག་རྡོ་རྗེ་གདན་དུ་ཟ་ཁང་ཞིག་འཛུགས་རྒྱུ་ཡིན་པ།

2012.07.14

༄༅༎ཨ་རིའི་ནང་གི་མ་བྱན་ཆེན་མོ་ཞིག་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཚུལ་དུ་གནས་མཆོག་རྡོ་རྗེ་གདན་དུ་ཟ་ཁང་ཞིག་འཛུགས་རྒྱུ་ཡིན་འདུག
དྲི་ཨེན་ཨེ་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་ཇུ་ནུན་ཞེས་པའི་ཟ་ཁང་གི་སྦྱིན་བདག་དང་། སྙན་གྲགས་ཅན་གྱི་མ་བྱན་ཆེན་མོ་བ་རྒྱ་གར་མི་རིགས་ཡིན་པའི་སྐུ་ཞབས་ཝི་ཀ་སེ་ ཁ་ན་ཡིས། ཉེ་ཆར་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཞལ་ལག་བཟོ་བར་སྐད་བཏང་སྐབས། གསར་འགོད་པས། སྲིད་འཛིན་གྱི་ཞལ་ལག་བཟོ་བཅུག་པ་དེ་ཆེ་བསྟོད་ཆེ་ཤོས་དེ་ཡིན་བསམ་གྱི་འདུག་གམ་ཞེས་དྲིས་སྐབས། ཁོང་གིས། ངའི་མི་ཚེའི་ནང་ཆེ་བསྟོད་ཆེ་ཤོས་དེ་ནི་ང་རང་གི་ཨ་མ་ལགས་ལ་ཞལ་ལག་བཟོ་རྒྱུ་ཡིན་པ་དང༌། ཨ་མ་ལགས་ཀྱི་རྗེས་སུ་མི་ཚེའི་ནང་འགྱུར་བ་དང་སེམས་འགུལ་ཆེ་ཤོས་ཐེབས་གནང་མཁན་༸གོང་ས་ཏཱ་ལའི་བླ་མ་མཆོག་ཡིན་ལ། ཁོང་ལ་ཆེ་བསྟོད་ཀྱི་ཚུལ་དུ་བྷི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་ཟ་ཁང་ཞིག་གསར་འཛུགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
གོང་ཞུས་མ་བྱན་ཆེན་མོ་ཝི་ཀ་སེ་ ཁ་ན་ནི་ཨ་རི་ཙམ་མ་ཡིན་པར་རྒྱ་གར་རྒྱལ་ཡོངས་སུ་བརྙན་འཕྲིན་ནང་ཞལ་ལག་འགྲན་བསྡུར་གྱི་ལས་རིམ་གཙོ་སྐྱོང་གནང་གི་ཡོད་པ་དང་། དབུལ་འཕོངས་མང་པོར་རོགས་རམ་གནང་མཁན་ཞིག་ཀྱང་ཡིན་པ་རེད།།










བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎