རྒྱ་གར་བོད་གྲོགས་པོ་ཚོགས་པའི་ཡན་ལག་གསར་བཙུགས།

རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པས་གོའོ་ཨ་ཁུལ་ཚོགས་པའི་ཡན་ལག་ཅིག་ཕྱི་ཚེས་༢༦ཉིན་གསར་འཛུགས་གནང་བཞག།

2011.03.30

༄༅༎རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པས་གོའོ་ཨ་ཁུལ་ཚོགས་པའི་ཡན་ལག་ཅིག་ཕྱི་ཚེས་༢༦ཉིན་གསར་འཛུགས་གནང་བཞག། ཚོགས་པ་གསར་པ་དེའི་ནང་གོའོ་ཨ་ས་གནས་ཀྱི་རྒྱ་གར་མི་སྣ་གྲགས་ཅན་ཁག་ཅིག་དང་བོད་རིགས་བཅས་ཡོད་པ་དང༌། ཚོགས་པ་དེའི་དམིགས་ཡུལ་ནི་ སྤྱི་དམངས་ཀྱི་ངོས་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྲོས་མོལ་ཁག་ལ་དོ་སྣང་བྱ་རྒྱུའི་དོན་དུ་ཡིན་པ་རེད།

གོའོ་ཨ་ས་གནས་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་དྲུང་ཆེ་ཨ་པར་ན་ཤའ་ཡིས་རེས་གཟའ་སྤེན་པའི་ཉིན་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འགྲེལ་བརྗོད་གནང་ཡག་ལ། ༡༩༦༠ལོར་གསར་འཛུགས་གནང་བའི་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་དམིགས་ཡུལ་ནི་རྒྱ་གར་དང་བོད་ཀྱི་མི་མང་དབར་ཕན་ཚུན་དུས་ཡུན་རིང་པོ་ནས་ཡོད་བཞིན་པའི་རིག་གཞུང་དང་ཆོས་ཕྱོགས་ཀྱི་འབྲེལ་བ་དེ་བཞིན་མུ་མཐུད་སྲུང་སྐྱོབ་དར་སྤེལ་དང་སྲ་བརྟན་གནས་ཐབས་བཅས་ཡིན་སྐོར་འགྲེལ་བརྗོད་གནང་བཞག གོའོ་ཨ་ས་གནས་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པས་གོའོ་ཨ་མང་ཚོགས་ལ་རྒྱ་གར་ཁྱོན་ཡོངས་ཀྱི་ནང་ཞི་བདེ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་གོང་འཕེལ་གཏོང་རྒྱུའི་གོ་རྟོག་སྤེལ་བ་བརྒྱུད་། བོད་མི་ཚོར་གོའོ་ཨ་མི་མང་གིས་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་ ཚོགས་པའི་དྲུང་ཆེ་ཨ་པར་ན་ཤའ་ཡིས་གསུང་འདུག།

ཉེ་ཆར་གསར་འཛུགས་གནང་བའི་གོའོ་ཨ་ས་གནས་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཇ་ཡནཏ་ཤའ་དང༌། ཚོགས་གཞོན་ ཚེ་རིང་ཆོས་འཕེལ་ལགས། དྲུང་ཆེ་ཨ་པར་ན་ཤའ་དང༌། དྲུང་གཞོན་ཚེ་དབང་ཆོས་འཕེལ་ལགས། དངུལ་གཉེར་ཚེ་རིང་ཆོས་སྐྱིད་ལགས་བཅས་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎