ཐེ་དབན་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་སྐུ་གཟུཌ་གནས་སྟངས།
2009.05.09
༄༅༎ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་བཀག་ཉར་ཁང་དུ་ཟས་བཅད་ངོ་རྒོལ་གནང་བའི་རྐྱེན་གྱིས་སྐུ་གཟུགས་གནས་སྟངས་ཧ་ཅང་སྡུག་ཏུ་ཕྱིན་ནས་སྨན་ཁང་དུ་སྨན་བཅོས་སུ་སྐྱེལ་དགོས་བྱུང་ཡོད་པ་རེད།
ཐེ་དབན་ནང་འཇུ་བཟུང་བཀག་ཉར་བྱེད་བཞིན་པའི་སྲིད་འཛིན་ཟུར་པ་གྲན་ཧྲོའི་བན་གྱིས་གཟའ་ལྷག་པའི་ཉིན་ནས་ཟས་བཅད་ངོ་རྒོལ་གནང་བའི་རྗེས་དེ་རིང་གཟའ་སྤེན་པའི་ཉིན་སྐུ་གཟུགས་གནས་སྟངས་སྡུག་ཏུ་ཕྱིན་ཡོད་པར་བརྟེན་ནས་ཐད་བད་རྫོང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་ཆེད་བསྐྱེལ་ཡོད་ཅིང་ཐེ་དབན་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་ལ་ཁ་སྔོན་ཁྲིམས་ཁང་ནས་ཁྲིམས་ཞིབ་བྱེད་པའི་སྐབས་སྙིང་ལ་སྙུང་གཞི་ཡོད་པ་ཤེས་རྟོགས་བྱུང་སྟེ་ཐད་བད་བཀག་ཉར་ཁང་གི་སྨན་པས་སྨན་ཁང་ཆེ་ཁག་ཏུ་སྨན་བཅོས་བྱ་རྒྱུའི་བསམ་འཆར་བཏོན་པའི་འོག་གཟའ་སྤེན་པའི་ཉིན་ཐད་བར་བཀག་ཉར་ཁང་གིས་ཁོང་སྨན་ཁང་དུ་སྨན་བཅོས་སུ་བསྐྱལ་ཡོད་པ་རེད། སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཁོང་ལ་ཁྲིམས་ཞིབ་བྱེད་ཡ་དེ་ནི་སྲིད་དོན་གྱི་དམིགས་ཡུལ་ཡོད་པ་ཞིག་ཡིན་པ་གསུངས་ནས་བཀག་ཉར་ཁང་ནང་ཟས་བཅད་ངོ་རྒོལ་གནང་སྟེ་སྐུ་གཟུགས་ལ་འཕྲོད་བསྟེན་གྱི་བརྟག་དཔྱད་བྱེད་རྒྱུར་ཡང་ཁས་ལེན་གནང་མེད་པ་འཁོད་འདུག ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་སྲིད་འཛིན་ཐུགས་འགན་བཞེས་པའི་རིང་དཔལ་འབྱོར་ལྐོག་ཟའི་གནད་དོན་གྱི་རྐྱེན་པས་སྲིད་འཛིན་ལས་གནས་ནས་འཁྱུར་ཏེ་ལོ་ངོ་གཅིག་མ་ཟིན་གོང་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད༎