རྒྱ་གཞུང་ཉེན་རྟོག་པས་བྱམས་པ་དགེ་ལེགས་འཇུ་བཟུང་བྱས་བ།
2016.05.17
རྟའུ་ཉ་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་བྱམས་པ་དགེ་ལེགས་ལཊ་རྒྱ་གཞུང་ཉེན་རྟོག་པས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་བ།
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་དང་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་གནས་ཚུལ་བཏང་དོན་ལྟར་ན། ཁམས་དཀར་མཛེས་ཕྱོགས་ཀྱི་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་༢༣་ཡིན་པ་བྱམས་པ་དགེ་ལེགས་ལགས་ཕྱི་ཟླ་༥་ཚེས་༡༦་ཉིན་གྱི་ཕྱི་དྲོ་ས་གནས་རྒྱ་མིིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་བསོད་ནམས་ལགས་ཀྱིས་ངོ་སྤྲོད་གནང་འདུག
དགེ་འདུན་པ་བྱམས་པ་དགེ་ལེགས་ལགས་ནི་རྟའུ་ཉག་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་སློབ་མ་ཞིག་ཡིན་འདུག་པ་དང་། ཁོང་ཚེས་༡༦ཉིན་གྱི་ཕྱི་དྲོ་རྟའུ་མཆོད་རྟེན་གླིང་གའི་འགྲམ་དུ་བསྐྱོད་བཞིན་པའི་སྐབས་གློ་བུར་དུ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ཅིང་། ཁོང་འཛིན་བཟུང་བྱ་དགོས་དོན་སོགས་ཞིབ་ཕྲའི་གནས་ཚུལ་ད་བར་གང་ཡང་ཤེས་རྟོགས་མེད་པ་ཡིན་འདུག།
བྱམས་པ་དགེ་ལེགས་ནི་ཉ་མཚོ་དགོན་གྱི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་ནང་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་ཞིག་ཡིན་འདུག་ཅིང་། ཁོང་ནི་རྟའུ་རྫོང་རྫི་ཡ་གྲོང་ཟེར་བའི་ས་གནས་ནས་ཡིན་པ་དང་། ཁོང་གི་ཕའི་མཚན་ལ་ཚེ་རིང་དང་མའི་མཚན་ལ་སྒྲོན་ལས་ཞུ་བཞིན་ཡོད་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།