བྱམས་པ་ཕུན་ཚོགས་གོ་གནས་སྤར།
2013.03.15

རྒྱ་ནག་གི་གཞུང་འབྲེལ་དྲ་གནས།
༄༅། །རྒྱ་ནག་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ཟུར་པ་བྱམས་པ་ཕུན་ཚོགས་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པའི་གྲས་སུ་བསྐོ་བཞག་གིས་གོ་གནས་སྤར་འདུག གོ་གནས་འདི་ནི་རྒྱ་ནག་དབུས་གཞུང་གི་སྒྲིག་འཛུགས་ནང་བོད་པའི་མི་སྣའི་གོ་གནས་ཐོ་ཤོས་ཡོད་པ་དེ་ཡིན་ཞིང། དེ་སྔོན་གོ་གནས་འདིའི་ཐོག་ང་ཕོད་ངག་དབང་འཇིགས་མེད་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག འཕགས་པ་ལྷ། རག་སྡིས་སོགས་བསྐོས་མྱོང་ཡོད་པ་རེད། བྱམས་པ་ཕུན་ཚོགས་ནི། ༡༩༤༧ ལོར་ཆབ་མདོ་རུ་སྐྱེས་པ་དང་། ༡༩༧༤ ལོར་དམར་ཤོག་ཚོགས་པར་ཞུགས། ༢༠༠༨ ལོའི་ཟླ་ ༡ པའི་ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་གཙོ་འཛིན་དུ་བསྐོ་བཞག་བྱས་ཡོད་པ་རེད།།