ཉི་ཧོང་གཞུང་གིས་རྒྱ་གར་ལ་རྡུལ་ཕྲན་ལག་རྩལ་ཕྱིར་ཚོང༌།

ཉི་ཧོང་གཞུང་གིས་རྒྱ་གར་ལ་རྡུལ་ཕྲན་ནུས་ཤུགས་ཀྱི་ཚན་རིག་ལག་རྩལ་ཕྱིར་ཚོང་བྱ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་རེད་

2009.12.29

༄༅༎ཉི་ཧོང་གཞུང་གིས་རྒྱ་གར་ལ་རྡུལ་ཕྲན་ནུས་ཤུགས་ཀྱི་ཚན་རིག་ལག་རྩལ་ཕྱིར་ཚོང་བྱ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་རེད་

གཟའ་མིག་དམར་ཉིན་ཉི་ཧོང་གི་སྲིད་བློན་མཆོག་ནས་ཉི་ཧོང་གཞུང་གིས་རྒྱ་གར་ལ་རྡུལ་ཕྲན་ནུས་པའི་ཚན་རིག་ལག་རྩལ་ཕྱིར་ཚོང་གནང་རྒྱུར་བསམ་ཞིབ་གནང་རྒྱུའི་འདོད་ཚུལ་བཏོན་གནང་ཡོད་པ་དང་ཡིན་ནའི་ཉི་ཧོང་གི་སྲིད་བློན་ནས་ཉི་ཧོང་གིས་རྒྱ་གར་ལ་རྡུལ་ཕྲན་ནུས་པའི་ཚན་རིག་ལག་རྩལ་ཕྱིར་ཚོང་མ་བྱས་གོང་རྒྱ་གར་གཞུང་གིས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་འགོག་ཐབས་ཀྱི་ཆིངས་ཡིག་ལ་ས་རྟགས་བཀོད་རྒྱུའི་དགོས་འདུན་བཏོན་གནང་ཡོད་པ་རེད་

རྒྱ་གར་གཞུང་གིས་ཉི་ཧོང་གི་རྡུལ་ཕྲན་ནུས་པའི་བཟོ་རྩལ་ནང་འདྲེན་ཐུབ་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད་ན་ཡང་ཉི་ཧོང་གཞུང་གིས་རྒྱ་གར་གྱི་གོང་ཞུས་རྒྱལ་སྤྱིའི་ཆིངས་ཡིག་ལ་ས་རྟགས་བཀོད་ནས་རྡུལ་ཕྲན་མཚོན་ཆར་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་མ་བྱས་བར་ཉི་ཧོང་གི་ཚོང་དོན་ལས་ཁང་ཁག་གིས་རྒྱ་གར་ལ་རྡུལ་ཕྲན་ནུས་པའི་ཚན་རིག་ལག་རྩལ་མཁོ་འདོན་བྱ་རྒྱུར་བཀག་སྡོམ་བྱེད་བཞིན་ཡིན་པ་རེད་ གཟའ་མིག་དམར་ཉིན་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་པའི་ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་རྣམ་གཉིས་ཀྱིས་ཐུན་མོང་ཐོག་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་པར་ ཡུལ་གཉིས་ཀྱི་དཔོན་རིགས་རྣམ་གཉིས་ནས་རྡུལ་ཕྲན་ནུས་ཤུགས་ཀྱིས་ཞི་བའི་ལས་དོན་ཐོག་དང་ལྷག་པར་དུ་དེང་སྐབས་འཛམ་གླིང་སྤྱིར་ནུས་པའི་འབྱུང་ཁུངས་དགོས་གལ་ཆེ་བ་སོགས་ཀྱི་གནད་དོན་ཐོག་ཕན་ཚུན་དགོངས་ཚུལ་རེ་གནང་ལུགས་འཁོད་ཡོད་པ་རེད་ ཉི་ཧོང་གི་སྲིད་བློན་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྤེལ་བའི་གསར་འགོད་ལྷན་ཚོགས་ཐོག་གསུང་ན་ རྒྱ་གར་གྱི་སྲིད་བློན་མཆོག་ནས་རྒྱ་གར་གཞུང་གིས་ཉི་ཧོང་ནས་རྡུལ་ཕྲན་ནུས་པའི་ཚན་རིག་ལག་རྩལ་ནང་འདྲེན་ཐུབ་ཚེ་དེ་དག་གཞན་ལ་ཕྱིར་འདྲེན་བྱ་རྒྱུ་མིན་པའི་ཁས་ལེན་གནང་བ་གསུང་ཡོད་ཅིང་ རྒྱ་གར་གྱི་སྲིད་བློན་མཆོག་ནས་རྒྱ་གར་གྱི་རྡུལ་ཕྲན་གོ་མཚོན་འཕེལ་རྒྱས་གཏོང་དགོས་དོན་ནི་ཁྱིམ་མཚེས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀ་རྡུལ་ཕྲན་གོ་མཚོན་ལྡན་པའི་ཡུལ་གྲུ་ཡིན་པར་བརྟེན་ནས་རྒྱ་གར་གྱིས་རང་སྲུང་ཆེད་རྡུལ་ཕྲན་ནུས་པ་འཕེལ་རྒྱས་གཏོང་གི་ཡོད་ལུགས་ཉི་ཧོང་གི་སྲིད་བློན་མཆོག་ལ་གསལ་བཤད་གནང་ལུགས་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎