འབྲོག་ལམ་དཀའ་རྙོག་ཐད་ཉི་ཧོང་གིས་རྒྱ་གར་ལ་རྒྱབ་སྐྱོར་བྱས་ཡོད་པ།


2017.08.18
འབྲོག་ལམ་དཀའ་རྙོག་ཐད་ཉི་ཧོང་གིས་རྒྱ་གར་ལ་རྒྱབ་སྐྱོར་བྱས་ཡོད་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཉི་འོང་སྐུ་ཚབ་དོན་གཅོད་Kenji Hiramatsu།
ཨེ་ཨེཕ་པི།

༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཉི་ཧོང་སྐུ་ཚབ་དོན་གཅོད་Kenji Hiramatsu ཡིས་རྒྱ་གར་དང་ འབྲུག  རྒྱ་ནག་བཅས་དབར་རྩོད་རྙོག་ཡོད་པའི་འབྲོག་ལམ་ས་ཁུལ་དུ་རྒྱ་གར་གཞུང་གིས་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བར་མཐའ་ཅིག་ཏུ་རྒྱ་གར་གཞུང་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ལུགས་གསུངས་པ་དང་ཆབས་ཅིག་རྒྱ་གར་དང་ འབྲུག་གཉིས་དབར་འབྲོག་ལམ་ས་མཚམས་ཀྱི་གནད་དོན་ཐད་གྲོས་མཐུན་བཞག་པར་བརྟེན་ད་རེས་རྒྱ་ནག་གཞུང་གིས་འབྲོག་ལམ་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་གྱི་ལས་དོན་སྤེལ་བར་རྒྱ་གར་གྱི་དམག་མིས་ཐེ་བྱུས་གནང་སྟེ་དེ་ཁུལ་ས་མཚམས་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་གྱི་ཡོད་པ་སོགས་ང་ཚོས་གསལ་པོ་ཤེས་རྟོགས་ཡོད་ཅེས་ས་གནས་གསར་འགྱུར་བརྒྱུད་ལམ་ཁང་དུ་གནས་ཚུལ་གསལ་སྟོན་གནང་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་གསུངས་ན་ད་རེས་རྒྱ་ནག་གཞུང་གིས་རྒྱ་གར་དང་འབྲུག་གི་ས་མཚམས་འབྲོག་ལམ་ས་ཁུལ་དབང་འཛིན་བྱེད་ རྒྱུའི་གནད་དོན་གཅིག་པུར་མ་ཡིན་པར་ཉི་ཧོང་མཉམ་དུ་ཡང་སེན་ཀ་ཀུ་གླིང་ཕྲན་ཐོག་རྩོད་རྙོག་ཆེན་པོ་ཡོད་ལུགས་གསལ་སྟོན་གནང་ཡོད་པ་རེད། རིང་མིན་ཕྱི་ཟླ་དགུ་པའི་ནང་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་རྒྱ་གར་དུ་འཚམས་གཟིགས་ཕེབས་རྒྱུའི་འཆར་གཞི་ཡོད་འདུག་ཅིང་། རྒྱ་གར་དུ་བཅའ་ཞུགས་ཉེ་ཧོང་གཞུང་ཚབ་ཆེན་མོས་རྒྱ་གར་ལ་རྒྱབ་སྐྱོར་གྱི་བཀའ་མོལ་གནང་པ་དེར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་སྐྱོན་བརྗོད་ཆེན་པོ་བྱས་འདུག།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎