ཉི་ཧོང་གི་ས་ཡོམ་གོད་ཆགས་ཀྱི་གནས་སྟངས།

ཉི་ཧོང་ནང་ས་ཡོམ་དང་ཆུ་ལོག་གི་འཇིགས་སྐྱོན་འོག་ཡུལ་མི་༣༣༧༣སྲོག་སྐྱོན་ཤོར་བ་དང་༡༠༠༠༠བརྒལ་བ་གར་སོང་ཆ་མེད་དུ་གྱུར་བའི་སྐོར།

2011.03.16

༄༅༎ཉེ་སྔོན་ཉི་ཧོང་གི་བྱང་ཤར་མངའ་ཁུལ་གྱི་ནང་ས་ཡོམ་ཤུགས་ཆེ་རྒྱབ་པ་དང་དེ་དང་ཆབ་ཅིག་རྒྱ་མཚོའི་རྦ་རླབས་འཕྱུར་བའི་ཚུའུ་སྣའ་རྨི་ཞེས་ཆུ་ལོག་གི་འཇིགས་སྐྱོན་འོག་ཡུལ་མི་སྲོག་སྐྱོན་ཤོར་བའི་གྲངས་འབོར་༣༣༧༣ཟིན་གྱི་ཡོད་པ་དང་ཡུལ་མི་གར་སོང་ཆ་མེད་དུ་གྱུར་བའི་གྲངས་འབོར་༡༠༠༠༠་བརྒལ་འགྲོ་ཡི་ཡོད་པའི་སྐོར་ཉི་ཧོང་གི་ཉེན་རྟོིག་ལས་ཁུངས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད་པ་རེད། ད་ཕན་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆགས་འོག་རྨས་སྐྱོན་ཕོག་པའི་མི་གྲངས་༡༨༩༧ཟིན་ཡོད་པའི་སྐོར་གསལ་བཏོན་བྱས་ཡོད་པ་རེད།

རེས་གཟའ་ཉི་མའི་ཉིན་ཉེན་རྟོག་ལྷན་ཁང་གི་སྤྱི་ཁྱབ་མུ་ཡ་གིས་གསུང་པར་ ད་རེས་ས་ཡོམ་དང་མཚོ་རླབས་དྲག་པོ་ཚུའུ་སྣའ་རྨི་ཡིས་རྐྱེན་པས་མངའ་ཁུལ་ཁག་བརྒྱ་སྐོར་ཞིག་གི་ནང་གོད་ཆགས་ཡོད་པས་ཡུལ་མི་སྲོག་སྐྱོན་ཤོར་བའི་གྲངས་འབོར་༡༠༠༠༠་བརྒལ་སྲིད་པ་རེད་ཅེས་གསུང་ཡོད་པ་རེད། ས་ཡོམ་གྱི་རྗེས་རྒྱ་མཚོའི་རྦ་རླབས་ཧ་ལས་པའི་ཤུགས་ཆེ་འཕྱུར་བའི་རྐྱེན་གྱིས་གླིང་ཕྲན་ཧོན་ཤུ་ཞེས་པའི་ནང་ཧ་ལམ་སྡོད་ཁྱིམ་དང་ཁང་བརྕེགས་གྲངས་༥༥༣༨༠ཙམ་ཆུ་ལོག་གི་འཇིགས་སྐྱོན་འོག་ཤོར་ཟིན་གྱི་ཡོད་པ་རེད། གཞན་ཡང་ས་ཁུལ་གཞན་ཁག་གི་ནང་སྡོད་ཁྱིམ་གྲངས་༣༠༠༠་ཙམ་ཆུ་ལོག་འོག་ཚུད་པ་དང་སྡོད་ཁྱིམ་གྲངས་༡༣༠་ཙམ་ཞིག་མེ་སྐྱོན་ཤོར་བ་དང་ས་རུད་རྒྱབ་པ་ཁག་༦༨་ཙམ་ཞིག་བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་བཞག༎།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎