ཉི་ཧོང་གིས་རྡུལ་ཕྲན་གློག་ཁང་སྒོ་རྒྱབ་ཐུབ་པའི་རེ་བ་ཡོད་པ།

ཉི་ཧོང་ནང་རྡུལ་ཕྲན་གློག་ཁང་གི་ཐོག་མཁའ་ཐོག་ནས་ཆུ་བཤོས་ཏེ་མེ་འབར་བཞིན་པའི་རྡུལ་ཕྲན་གྱི་གློག་ཁང་དེ་དག་སྒོ་རྒྱབ་ཐུབ་རྒྱུའི་རེ་བ།

2011.03.19

༄༅༎ཉི་ཧོང་གི་གླིང་ཕྲན་ས་ཁུལ་ནང་གཟའ་འཁོར་གཅིག་གི་སྔོན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་བ་དང་དུས་འཚུངས་འཚོ་རླབས་ཕྱུར་བའི་རང་འབྱུང་གི་གནོད་འཚེའི་འོག་ད་བར་གཞུང་འབྲེལ་གྱི་སྡོམ་འབོར་གྲངས་ཀ་ཕྱིར་བསྒྲགས་བྱས་པའི་ནང་མི་གྲངས་༧༣༠༠རྐྱེན་འདས་སུ་ཕྱིན་ཡོད་པ་དང་ མི་གྲངས་ཁྲི་གཅིག་ལྷག་ཙམ་གར་ཡོད་རྩད་རྙེད་ཐུབ་མེད་ཅིང་ ས་ཡོམ་གྱི་འགུལ་ཤུགས་ཀྱིས་རྐྱེན་པས་ ཁུལ་དེར་ཡོད་པའི་རྡུལ་ཕྲན་གྱི་གློག་ཁང་ལ་འབར་སྒས་བྱུང་ནས་རྡུལ་ཕྲན་གྱི་དུག་རླངས་ཕྱིར་ཐོན་པའི་ཉེན་ཚབས་འོག་འབྲེལ་ཡོད་མི་སྣ་དང་དང་བླངས་མི་སྣ་ཚོས་རྡུལ་ཕྲན་གློག་ཁང་གི་ཐོག་མཁའ་ཐོག་ནས་ཆུ་བཤོས་ཏེ་མེ་འབར་བཞིན་པའི་རྡུལ་ཕྲན་གྱི་གློག་ཁང་གི་མེ་ཤུགས་ཆུང་དུ་བཏང་ནས་ ད་ཆ་གློག་ཁང་དེ་དག་སྒོ་རྒྱབ་ཐུབ་རྒྱུའི་རེ་བ་ཡོད་པ་ཉི་ཧོང་གི་གཞུང་འབྲེལ་དཔོན་རིགས་ནས་གཟའ་སྤེན་པའི་ཉིན་གསུང་འདུག ས་ཡོམ་གྱི་གནོད་འཚེ་ཕོག་སའི་ཁུལ་དུ་དེང་སྐབས་གནམ་གཤིས་གྲངས་ངར་དང་ལྷག་པར་དུ་གློག་དང་ཆུ་སོགས་དཀོན་པའི་དཀའ་ངལ་ཡོད་པ་མ་ཟད་ ས་ཡོམ་དང་ ཚོ་རླབས་ཀྱི་གནོད་འཚེ་ལས་ཚེ་སྲོག་ཐར་བ་རྣམས་ཕྲལ་སེལ་གནས་སྡོད་བྱེད་སའི་ནང་ལ་ཡང་གཟའ་ཆ་དང་ མཐུང་ཆུ་ སོགས་མི་འདེངས་བའི་དཀའ་ངལ་ཕྲད་བཞིན་ཡོད་འདུག དེ་དང་འབྲེལ་དེ་རིང་གཟའ་སྤེན་པའི་སྔ་དྲོའི་ཆོུད་དགུ་དང་སྐར་མ་༥༦ཙམ་ལ་  ཉི་ཧོང་གི་ཤར་ཕྱོགས་ས་ཁུལ་ཀན་ཏོ་ས་གནས་ནང་ལ་ས་ཡོམ་འགུལ་ཚད་རིམ་པ་དྲུག་དང་ཚག་གཅིག་བྱས་པ་ཞིག་རྒྱབ་ཡོད་པ་དང་ ས་གནས་དེའི་ནང་ས་ཡོམ་རྒྱབ་པའི་འགུལ་ཤུགས་ཉི་ཧོང་གི་རྒྱལ་ས་ཀྲོ་ཀྱོར་ནང་ལ་ཡང་འཚོར་བ་བྱུང་ཡོད་པ་ཉི་ཧོང་གི་ཇི་ཇི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག ས་ཡོམ་དེས་གནོད་འཚེ་ཚབས་ཆེ་ཆུང་ག་ཚོད་བྱུང་མིན་སོགས་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་གྱི་ཐོག་ཐོན་མིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎