ཉི་ཧོང་གིས་འབར་མ་ལ་དབུལ་འབུན་གཏང་འཆར་ཡོད་པ།

ཉི་ཧོང་གཞུང་གིས་མི་ལོ་༢༥ རྗེས་ད་ཆ་དངུལ་འབུན་གཏོང་རྒྱུའི་ལས་གཞི་བསྐྱར་གསོ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

2012.02.24

༄༅༎ཉི་ཧོང་གཞུང་གིས་ད་བར་དུ་མི་ལོ་༢༥ རིང་འབར་མའི་གཞུང་ལ་དངུལ་འབུན་གཏོང་རྒྱུ་མཚམས་འཇོག་བྱས་པའི་རྗེས་ད་ཆ་དངུལ་འབུན་གཏོང་རྒྱུའི་ལས་གཞི་བསྐྱར་གསོ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་ཡང་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་ཐོན་པར་གཞིགས་ན། ཕྱི་ལོ་༡༩༨༠ རྒྱ་གྲངས་ནས་འབར་མའི་དྲག་པའི་གཞུང་གིས་དབང་བསྒྱུར་བྱས་པའི་རིང་ལ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ལག་བསྟར་བྱས་པ་དེར། ཉི་ཧོང་གཞུང་གིས་དངུལ་འབུན་གཏོང་བའི་ལས་གཞི་མཚམས་འཇོག་བྱས་ཡོད་ཀྱང་བར་ལམ་མི་དམངས་ཀྱི་གཞུང་གསར་པ་སླེབས་པའི་རྗེས་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་བཟང་བཙོན་ནས་གློད་བཀྲོལ་བཏང་བ་མ་ཟད། ཆབ་སྲིད་ཀྱི་བཙོན་པ་གློད་བཀྲོལ་བཏང་བ་སོགས་བཟང་ཕྱོགས་ཀྱི་འཕེལ་རིམ་སྒོ་མོ་ཕྱེ་པར་བརྟེན། ཨ་མི་རི་དང་ཉི་ཧོང་སོགས་རྒྱལ་ཁབ་ཁག་ཅིག་གི་ཕྱི་སྲིད་བློན་ཆེན་འབར་མའི་ནང་འཚམས་འདྲི་རིམ་པ་བཞིན་ཕེབས་ཡོད་པ་རེད། ཉི་ཧོང་གཞུང་ཕྱོགས་ནས་ཀྱང་རིང་མིན་ཕྱི་ཟླ་བཞི་པའི་ཟླ་མཇུག་ཏུ་ཚོགས་རྒྱུའི་ལྷན་ཚོགས་ཐོག་ལ། འབར་མའི་རྒྱལ་ཁབ་ནང་དུ་རི་ལིའི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དང་གྲུ་ཁའི་འབབ་ཚུགས་སོགས་རྨང་གཞིའི་འཛུགས་སྐྲུན་ལས་གཞི་ཁག་ཐོག་དངུལ་འབུན་གཏོང་རྒྱུར་སྔོན་འགྲོའི་ཆ་རྐྱེན་ཁས་ལེན་བྱས་ཏེ་ཕྱོགས་ཕན་ཚུན་གྲོས་ཆམ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎