བྱང་ཀོ་རི་ཡས་སླར་ཡང་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱ་སྲིད།

བྱང་ཀུ་རི་ཡས་མེ་ཤུགས་ཕུར་མདེལ་ལ་ཚོད་ལྟ་བྱས་པ་བརྒྱུད་མ་འོངས་རྡུལ་ཕྲན་གོ་མཚོན་ལ་ཚོད་ལྟ་བྱ་སྲིད་པར་དོགས་ཟོན་དགོས་པའི་འབོད་སྐུལ།

2012.04.14

༄༅༎ཉི་ཧོང་གི་དཔོན་རིགས་མཐོ་གྲས་ཤིག་གིས་གཟའ་སྤེན་པའི་ཉིན་བྱང་ཀུ་རི་ཡས་ད་རེས་མེ་ཤུགས་ཕུར་མདེལ་ལ་ཚོད་ལྟ་བྱས་པ་བརྒྱུད་མ་འོངས་རྡུལ་ཕྲན་གོ་མཚོན་ལ་ཚོད་ལྟ་བྱ་སྲིད་པར་དོགས་ཟོན་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་འདུག བྱང་ཀུ་རི་ཡས་ད་རེས་བྱང་ཀུ་རི་ཡའི་འདས་གྲོངས་སུ་ཕྱིན་པའི་འགོ་ཁྲིད་ཁྱིམ་ཨལ་སུང་གི་སྐྱེས་སྐར་དུས་ཚིག་ཉིན་ཁོ་པར་དྲན་གསོའི་ཆེད། ཐག་རིང་དུ་འཕེན་ཐུབ་པའི་མེ་ཤུགས་ཕུར་མདེལ་རིགས་ལ་ཚོད་ལྟ་བྱས་ཡོད་ཀྱང་། མེ་ཤུགས་ཕུར་མདེལ་མཁའ་དབྱིངས་སུ་བཏང་ནས་དུས་ཚོད་རིང་པོ་མ་ཕྱིན་པར་མེ་ཤུགས་ཕུར་མདེལ་སྒས་ཏེ་ རྒྱ་མཚོའི་ནང་ལྷུང་ནས་བྱང་ཀུ་རི་ཡས་མཁའ་དབྱིངས་སུ་མེ་ཤུགས་ཕུར་མདེལ་གཏོང་རྒྱུའི་ལས་དོན་དེར་ལམ་ལྷོང་བྱུང་མེད་ཀྱང་། ཉི་ཧོང་སྲུང་སྐྱོབ་ལྷན་ཁང་གི་བློན་ཆེན་གཞོན་པ་ཤུ་ལྦ་ཏ་ན་སྦེ་ཡིས་ཉི་ཧོང་གི་བརྙན་འཕྲིན་ལས་རིམ་གྱི་བཅའ་དྲིར་ལན་འདེབས་གནང་བའི་སྐབས། བྱང་ཀུ་རི་ཡས་ད་རེས་ཀྱི་ཕམ་ཉེས་དེ་བརྒྱུད་ནས་སླར་ཡང་མེ་ཤུགས་ཕུར་མདེལ་རིགས་དང་ལྷག་པར་དུ་མ་འོངས་རྡུལ་ཕྲན་གོ་མཚོན་རིགས་ལ་ཚོད་ལྟ་བྱ་སྲིད་པར་དོགས་ཟོན་བྱ་དགོས་པའི་སྐོར་གསུང་ཡོད་པ་དང་། ད་དུང་ཁོང་གིས་འཛམ་གླིང་ཡུལ་ཁག་ཚོས་བྱང་ཀུ་རི་ཡ་དེ་བཞིན་ཁྱིམ་ཇུལ་ཨུལ་གྱི་འགོ་ཁྲིད་འོག་བྱང་ཀུ་རི་ཡའི་གནས་སྟངས་ཁོ་པའི་ཕ་ཁྱིམ་ཇུལ་ཨལ་གྱི་ལམ་ལུགས་ནས་འགྱུར་ལྡོག་འགྲོ་རྒྱུར་རེ་བ་དེ་ཙམ་བྱ་རྒྱུ་མེད་པ་གསུངས་འདུག གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཀྱང་བྱང་ཀུ་རི་ཡས་ད་རེས་མེ་ཤུགས་ཕུར་མདེལ་ཚོད་ལྟ་བྱས་ནས་ལམ་ལྷོང་བྱུང་མེད་ན་ཡང་། ད་རེས་ཀྱི་ཚོད་ལྟའི་ལས་དོན་ཐོག་ནས་མུ་མཐུད་རྡུལ་ཕྲན་གྱི་གོ་མཚོན་ལ་ཚོད་ལྟ་བྱ་སྲིད་པའི་དགོངས་ཚུལ་གསུངས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎