ཉི་ཧོང་གི་ནང་ཆོས་དགེ་འདུན་པ་ཚོས་བོད་དོན་ཆེད་སྨོན་ལམ།

ཉི་ཧོང་གི་ནང་ཆོས་དགེ་འདུན་པ་དང་བོད་དོན་ལ་རྒྱབ་སྐྱོར་གྱི་གདུང་སེམས་མཉམ་སྐྱེད་གནང་མཁན་ཚོས་ཀྱང་སྨོན་ལམ་འདུ་ཚོགས་ཤིག་གནང་བ།

2009.03.10

༄༅༎བོད་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་བོད་མིས་ངོ་རྒོལ་གྱེན་ལངས་བྱས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཆེད་དུ་ཉི་ཧོང་གི་ནང་ཆོས་དགེ་འདུན་པ་དང་བོད་དོན་ལ་རྒྱབ་སྐྱོར་གྱི་གདུང་སེམས་མཉམ་སྐྱེད་གནང་མཁན་ཚོས་ཀྱང་རེས་གཟའ་མིག་དམར་གྱི་ཉིན་བོད་མིའི་སྡུག་བསྔལ་སེལ་ཐབས་ཀྱི་སྨོན་ལམ་འདུ་ཚོགས་ཤིག་ཀྱང་གནང་ཡོད་པ་རེད།

ཉི་ཧོང་གི་ཧི་རོ་ཤི་མ་ཟེར་བའི་དེ་སྔོན་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་མི་རི་ཀས་ཨེ་ཊམ་སྦོམ་གཡུགས་ནས་ཡུལ་མི་འབུམ་ཕྲག་སྲོག་སྐྱོན་ཤོར་སའི་གྲོང་ཁྱེར་དེའི་ནང་ཉི་ཧོང་གི་ཡུལ་མི་ཤོ་ཇི་རོ་ནོ་མུ་ར་གིས་གོ་སྒྲིག་གནང་སྟེ་དགེ་འདུན་པ་བཅུ་གྲངས་ཤིག་གིས་རེས་གཟའ་ཟླ་བའི་དགོང་དྲོ་ཚོུད་༣།༡༠དུས་དྲན་ཐེངས་ལྔ་བཅུ་དུས་དྲན་ཉིན་མོར་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་མར་མེའི་འདུ་ཚོགས་ཤིག་ཀྱང་གནང་ཡོད་པ་རེད། དེ་བཞིན་ཉི་ཧོང་གི་དགེ་འདུན་ཇོ་ཡུ་ཨ་ཀ་ག་ལྦ་གིས་འགྲེལ་བརྗོད་གནང་བར་ན་ནིང་རྒྱ་ནག་གཞུང་གིས་བོད་ནང་ཆོས་བྱེད་དགེ་འདུན་པ་དང་བོད་མི་མང་པོ་སྲོག་སྐྱོན་བཏང་བ་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དེ་འདྲ་མཐོང་ཐོས་བྱུང་སྐབས་ང་ཚོས་བོད་རིགས་སྤུན་ཟླ་ཚོར་རོགས་པ་ཞིག་ངེས་པར་བྱས་ན་མ་གཏོགས་འགྲིག་ཐབས་མེད་པའི་དགོངས་བཞེས་གནང་སྟེ་ལས་འགུལ་ཁག་སྤེལ་གྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག རྒྱལ་ས་ཀྲོག་ཁྱོ་དང་གྲོང་ཁྱེར་ཨོ་ས་ཀ།ས་ཕོ་རོ་སོགས་ཉི་ཧོང་གི་གྲོང་ཁྱེར་འགའ་ཤས་ནང་བོད་དོན་ལ་རྒྱབ་སྐྱོར་མཚོན་པའི་ཞི་བའི་ལས་འགུལ་ཁག་སྤེལ་གནང་གི་ཡོད་པའི་སྐོར་ཨེ་པི་གསར་འགོད་ཚོགས་པར་འགྲེལ་བརྗོད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎