ཉི་ཧོང་གི་སྲིད་བློན་ནས་༸གོང་ས་མཆོག་མཇལ་རྒྱུའི་ཐུཌ་འདུན།

ཉི་ཧོང་གི་སྲིད་བློན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུའི་འདུན་པ་བཏོན་གནང་ཡོད་པ་རེད་

2009.11.02

༄༅༎ཉི་ཧོང་གི་སྲིད་བློན་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུའི་འདུན་པ་བཏོན་གནང་ཡོད་པ་རེད་

དེ་ཡང་ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མཱ་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་འོངས་པར་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་སྐོར་ཁོང་གིས་ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བརྒྱུད་ཕྱག་བྲིས་ཕུལ་ཡོད་པ་རེད་

ཉི་ཧོང་གི་ཀྱིཡོ་ཊོ་གསར་འགྱུར་བརྒྱུད་ལམ་གྱིས་སྲིད་བློན་ཧ་ཏོ་ཡ་མ་མཆོག་གིས་ད་ཐེངས་༸གོང་ས་མཆོག་གི་ཉི་ཧོང་གི་ཆིབས་བསྒྱུར་འདིའི་སྐབས་མཇལ་འཕྲད་གནང་མེད་ཀྱང་ཁོང་གི་གོང་ཞུས་ཕྱག་བྲིས་དེ་ཕུལ་བ་ཙམ་གྱིས་རྒྱ་ནག་གཞུང་ཁོང་ཁྲོ་ལངས་རྒྱུ་ཡིན་སྐོར་གནས་ཚུལ་བཀོད་ཡོད་པ་རེད་

ཕྱི་ལོ་ཉིས་སྟོང་བདུན་གྱི་ཕྱི་ཟླ་བཅུ་གཅིག་ནང་ཧ་ཏོ་ཡ་མ་མཆོག་ཉི་ཧོང་གི་དམངས་གཙོ་ཚོགས་པའི་དྲུང་ཆེ་ཡིན་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་ཅིང་སྐབས་དེར་ཁོང་གིས་བོད་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་ཅིག་ཐོབ་རྒྱུར་རྒྱབ་བསྐྱོར་གནང་ཡོད་པ་རེད་ གོང་ཞུས་ཉི་ཧོང་གི་སྲིད་བློན་ཧ་ཏོ་ཡ་མ་མཆོག་གི་ཕྱག་བྲིས་དེ་ཉི་ཧོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐབས་ཞབས་སེ་ཤུ་མ་ཀི་ནོ་ཡིས་༸གོང་ས་མཆོག་བཞུགས་ཡུལ་མགྲོན་ཁང་དུ་ཕུལ་ཡོད་པ་རེད་ ཡང་གནས་ཚུལ་ནང་འཁོད་དོན་ལ་གཞིགས་ན་༸གོང་ས་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་རྣམས་བརྒྱུད་སྲིད་བློན་ཧ་ཏོ་ཡ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཁོང་ཉི་ཧོང་གི་སྲིད་བློན་ཆགས་གནང་བ་དེར་༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོང་བཀའ་གནང་ཡོད་པ་རེད་ དེ་བཞིན་ཁ་སྔོན་ཧ་ཏོ་ཡ་མ་མཆོག་ཉི་ཧོང་གི་སྲིད་བློན་ལ་འདེམས་ཐོན་བྱུང་སྐབས་༸གོང་ས་མཆོག་གིས་ཁོང་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲིའི་ཕྱག་བྲིས་ཤིག་ཀྱང་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎