སྲིད་བློན་བསྐྱར་དུ་གཞུང་འཛིན་ཚོཊ་པའི་དབུ་ཁྲིད་ལ་འདེམས་པ།
2015.09.08
སྐུ་ཞབས་Shinzo Abeམཆོག་གཞུང་འཛིན་རང་དབང་དམངས་གཙོ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་དུ་བསྐྱར་དུ་འོས་འདེམས་བྱུང་ཡོད་པ།
དེ་ཡང་ཉི་ཧོང་གི་སྲིད་བློན་སྐུ་ཞབས་Shinzo Abeཡི་སྲིད་གཞུང་གིས་དམག་དཔུང་གཞི་རྒྱ་ཆེ་རུ་གཏོང་ཐབས་གནང་བ་དང་། དཔལ་འབྱོར་ཞན་དུ་ཕྱིན་པའི་གནས་སྟངས་ཀྱི་ཐོག་ནས་སྲིད་བློན་ཁོང་ལ་མང་ཚོགས་ཁྲོད་ནས་མཐོང་ཚུལ་མི་ལེགས་པ་དང་། དགའ་མོས་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ཚེས༩ཉིན་ད་རེས་སྲིད་བློན་ཁང་གི་ཆབ་སྲིད་ཚོགས་པ་ཉི་ཧོང་དམངས་གཙོ་ཚོགས་པས་ཁོང་བསྐྱར་དུ་ཚོགས་པའི་དབུ་ཁྲིད་ལ་འོས་འདེམས་གནང་ཡོད་པ་རེད། དགུང་གྲངས་༦༠ཕེབས་པའི་རྒྱལ་ཞེན་ཅན་གྱི་སྲིད་བློན་ཁོང་གིས། འོས་བསྡུའི་ལས་དོན་གྲུབ་པའི་རྗེས་ཁོང་གིས་མ་འོངས་པའི་ལས་དོན་འཆར་གཞི་ཁག་གསལ་སྟོནགནང་སྟེ། ཉི་ཧོང་གི་དཔལ་འབྱོར་བསྐྱར་གསོ་བྱ་རྒྱུའི་ཁས་ལེན་གནང་བ་མ་ཟད། ཁོང་གི་དཔལ་འབྱོར་བསྐྱར་གསོའི་འཆར་གཞི་ཕྱེད་ཀ་ཙམ་ལས་འགྲུབ་རྒྱུ་བསྡད་མེད་པའི་སྐོར་གསུངས་ཡོད་པ་རེད།
གལ་ཏེ་སྐུ་ཞབས་Shinzo Abeམཆོག་གིས་མ་འོངས་པའི་༢༠༡༨ལོའི་ཕྱི་ཟླ་དགུ་པ་བར་སྲིད་དབང་བཟུང་ཚེ་། དེ་སྔ་༡༩༦༧ནས་༡༩༧༤བར་ཉི་ཧོང་གི་སྲིད་དབང་འཛིན་མྱོངས་མཁན་སྐུ་ཞབས་Eisaku Satoཡིས་ལོ་ངོ་བརྒྱད་རིང་སྲིད་དབང་བཟུང་པའི་རྗེས་ལ་ཉི་ཧོང་གི་སྲིད་བློན་ལོ་རིང་ཤོས་གནང་མཁན་དེ་ཆགས་རྒྱུ་ཡིན་ཞིང་། སྐུ་ཞབས་Abeམཆོག་གིས་༢༠༠༦ ནས་ལོ་གཅིག་རིང་སྲིད་བློན་གནང་ཡོད་ཀྱང་ཁོང་གི་སྐུ་གཟུགས་བདེ་པོ་མེད་པའི་གནས་སྟངས་དང་། ཁོང་གི་ཆབ་སྲིད་ཚོགས་པའི་རྙོག་དྲས་རྐྱེན་པས་དགོངས་པ་ཞུ་དགོས་བྱུང་ཡོད་ཀྱང་༢༠༡༢ ཀྱི་ལོ་མཇུག་ཏུ་ཁོང་བསྐྱར་དུ་སྲིད་བློན་ལ་འོས་འདེམས་བྱུང་ཡོད་པ་རེད་། འོན་ཀྱང་ཉི་ཧོང་མི་དམངས་ཀྱིས་དགའ་མོས་དང་རྒྱབ་སྐྱོར་མེད་པའི་དམག་དོན་གྱི་ལས་དོན་འཆར་གཞི་དེ་ཡིས་དེ་སྔའི་དམག་ཆེན་གཉིས་པ་མཇུག་སྒྲིལ་ཟིན་པའི་རྗེས་སུ་ཉི་ཧོང་གི་དམག་དཔུང་དྲག་པོའི་འཐབ་འཁྲུག་ནང་འཛུལ་སྲིད་པའི་སྲིད་བློན་Abeམཆོག་གིས་འབད་བརྩོན་གནང་བཞིན་པའི་དམག་དོན་གྱི་འཆར་གཞི་དེའི་ཐོག་ནས། མི་དམངས་ཁྲོད་དུ་སྲིད་བློན་ལ་དགའ་མོས་བྱེད་མཁན་ཇེ་ཉུང་འགྲོ་བའི་གནས་སྟངས་དེར་སླར་ཡང་སྲིད་བློན་ཕྱོགས་ནས་གདོང་ལེན་བྱེད་དགོས་པ་གྱུར་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།