རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མེན་ལ་སྐྲན་ནད་ཕོག་འདུག


2014.08.30
སཔེན་རྒྱལ་ཡོངས་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་གཙོས་འགོ་ཁྲིད་ལྔ་འཛིན་བཟུང་གི་ཁྲིམས་བཀའ་བཏང་བ།
ཨེ་ཨེཕ་པི།

རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་སྐྲན་ནད་ཀྱི་རྐྱེན་པས་སྨན་ཁང་ལ་བསྡད་དགོས་བྱུང་ཡོད་པའི་གནས་ཚུལ་སྤེལ་འདུག
དེ་ཡང་ཉི་ཧོང་གི་གསར་འགྱུར་ཞིག་གི་ནང་། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ཕལ་ཆེར་སྒང་བུའི་སྐྲན་ནད་ཀྱི་ན་ཚ་ཚབས་ཆེ་ཡོད་པའི་རྐྱེན་གྱིས་སྨན་ཁང་ལ་བསྡད་དགོས་བྱུང་ཡོད་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་དང་། ད་བར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ཁག་ནང་ཅང་ཙེ་མིན་གཟུགས་པོ་བདེ་པོ་མེད་པའི་འབྲེལ་ཡོད་གནས་ཚུལ་གང་ཡང་མཐོང་རྒྱུ་མེད་པ་རེད། འོན་ཀྱང་ལྷོ་ཀོ་རི་ཡའི་གསར་འགྱུར་ཞིག་གི་ཐོག་ཉི་འོང་གི་གསར་འགྱུར་ཐོག་བཀོད་པའི་གནས་ཚུལ་ལུངས་འདྲེན་བྱས་ཤིང་། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་གྱི་གཟུགས་པོའི་གནས་སྟངས་ཧ་ཅང་ཡག་པོ་མེད་པར་། ཟླ་བ་༨པའི་ནང་སྨན་ཁང་དུ་བསྡད་དགོས་བྱུང་ཡོད་པ་དང་། དེ་བཞིན་བཤད་སྲོལ་གཞན་ཞིག་ལ། ཅང་ཙེ་མིན་གྱི་ནད་གཞི་ལྗིད་པོ་ཆགས་དགོས་དོན་དེ་ནི་། ད་ལོ་ཟླ་བ་༧པའི་ཟླ་མཇུག་ཏུ་ཅང་ཙེ་མིན་གྱི་དགའ་ཉེ་ཀྲའོ་ཡུང་ཁང་ལ་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པས་། ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་ཚབས་ཆེ་འགལ་བའི་གྱོད་གཞི་བཙུགས་ཏེ་རྟག་དཔྱད་བྱེད་རྒྱུའི་ཐག་གཅོད་བྱས་པ་དེས་ཡིན་པར་ཡང་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་སྤེལ་འདུག
རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ནི་དེ་སྔ་རྒྱ་ནག་གི་སྲིད་འཛིན་དང་རྒྱ་ནག་གུང་ཁྲན་ཏང་གི་སྤྱི་ཁྱབ་དྲུང་ཆེའི་ལས་གནས་ཁུར་མྱོང་ཡོད་ཅིང་། ཁོ་པ་ཕྱིས་སུ་རྒན་ཡོལ་ལ་ཕྱིན་ནའང་མུ་མཐུད་རྒྱ་ནག་གི་སྲིད་དོན་ལ་ཐེ་ཇུས་ཤུགས་ཆེ་བྱེད་བཞིན་པ་ཡིན་པས། དེར་བརྟེན་མི་ཚོས་ཅང་ཙེ་མིན་གྱི་གཟུགས་གཞིའི་བདེ་ཐང་ཐོག་ལ་དམིགས་བསལ་གྱི་དོ་སྣང་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎