འཇིགས་མེད་རྒྱ་མཚོ་ཡང་བསྐྱར་འཇུ་བཟུང་ཁྲིམས་ཐག་གཅོད་རྒྱུ་ཡིན།


2015.04.13
ཅོ་ནེ་འཇིགས་མེད་རྒྱ་མཚོ་ལགས་ཀྱི་ཉེ་པར་ཡིག་ཆ། ཅོ་ནེ་འཇིགས་མེད་རྒྱ་མཚོ་ལགས་ཀྱི་ཉེ་པར་ཡིག་ཆ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བློ་བྷེ།

ཅོ་ནེ་འཇིགས་མེད་རྒྱ་མཚོ་ལགས་བླ་མ་དབུ་མཛད་ཀྱི་ཐུགས་འགན་རྫོགས་རྗེས་ཡང་བསྐྱར་འཇུ་བཟུང་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་འདུག
དེ་ཡང་ཡོ་རོབ་ལ་གནས་བཞུགས་བསོད་ནམས་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། མདོ་སྨད་ཀན་ལྷོ་ཁུལ་ཅོ་ནེ་རྗོང་ཁོངས་ཀྱི་ཅོ་ནེ་བདེ་ཐང་མཁན་པོ་དགོན་པའི འཇིགས་མེད་རྒྱ་མཚོ་ལགས། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་འཆར་ཡོད་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་ཐོག་ནས་འཇུ་བཟུང་བཀག་ཉར་བྱས་ཐོག་གཅར་རྡུང་དྲག་པོ་བྱས་ཡོད་པ་དང་། རྗེས་སུ་ཕྱི་ཟླ་༣པའི་ཚེས་༢༠་ཉིན་དཔང་མིའི་འགན་ལེན་ཐོག་གློད་བཀྲོལ་བཏང་འདུག་ཀྱང་། བཙོན་ཁང་གིས་ཁོང་ལ་ཡིག་ཆ་སྤྲད་པའི་ནང་། ཁོང་ཡོངས་སུ་གློད་བཀྲོལ་བཏང་བ་མ་ཡིན་པར། ཁོང་གིས་དགོན་པ་དེའི་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས་བཞིན་པར་བརྟེན་བླ་མ་དབུ་མཛད་ཀྱི་ལས་འགན་དུས་ཚོད་རྫོགས་རྗེས་ནམ་ཞིག་འཛིན་བཟུང་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་ཡིག་ཆའི་ནང་འཁོད་ཡོད་པ་རེད།
འཇིགས་མེད་རྒྱ་མཚོ་ལགས་འདི་ལོའི་ཕྱི་ཟླ་༣་པའི་ཚེས་༦་དང་། ཧོར་ཟླ་དང་པོ་ཚེ་༡༦་ཉིན་བདེ་ཐང་མཁན་རིན་པོ་ཆེ་ཚང་གི་ཞབས་བརྟན་བསྒྲུབ་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བསྐྱོད་སྐབས། ཧོར་ཟླ་དང་པོའི་ཚེས་༡༩ཉིན་གར་སོང་ཆ་མེད་དུ་གྱུར་བ་དང་། རྗེས་སུ་ཅོ་ནེ་རྫོང་གི་བཙོན་ཁང་དུ་ཡོད་པ་ཤེས་རྟོགས་བྱུང་བ་རེད།
སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་༢༠༠༨་ལོར་རྒྱ་ནག་གིས་གང་སར་དམག་མི་དཀྲམ་ནས་དམ་དྲག་བྱས་བའི་སྐབས། དམག་མི་ཚོས་ས་གནས་ཀྱི་བོད་མིའི་ལྷ་མཆོད་ཀླུ་མཆོད་བྱེད་སའི་ཆུའི་ནང་ནས་ཉ་བཟུང་བར་ཞུ་གཏུགས་ཀྱི་ཡིག་གེ་ཕུལ་ནས་ངོ་རྒོལ་གནང་འདུག
དེ་སྔོན་ཅོ་ནེ་དཔོན་པོ་མངའ་ཁོངས་སུ་དམག་རུ་བཞི་བཅུ་ཞེ་བརྒྱད་ཡོད་པའི་ནང་མཚན་བདེ་ཐང་དམག་རུ་ཞེས་བར་ཆགས་པས་བདེ་ཐང་དགོན་ཟེར། དགོན་པ་འདི་ཕྱག་འདེབས་པ་པོ་ནི་མཁན་པོ་རྣམ་པ་བརྒྱད་ཀྱི་ནང་མཚན་བདེ་ཐང་མཁན་པོ་ཡིན་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎