རྒྱ་གར་གྱི་ནང་སྲིད་བློན་ཆེན་ལ་ལྷམ་དབྱུཌ་ཏེ་ངོ་རྒོལ་བྱས་པ།
2009.04.07
༄༅༎ཁ་ས་གསར་འགོད་ལྷན་ཚོགས་ཤིག་ཐོག་རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་ལ་སིག་མི་རིགས་ཡིན་པའི་གསར་འགོད་པ་ཞིག་གིས་ལྷམ་དབྱུགས་ཏེ་ངོ་རྒོལ་བྱས་འདུག
ཁ་ས་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཆི་རྡམ་སྦ་རམ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གསར་འགོད་ལྷན་ཚོགས་ཤིག་ཐོག་བཀའ་སློབ་གནང་སྐབས་རྒྱ་གར་གྱི་རྡེ་ནིཀ་ཇག་རན་ཞེས་པའི་ཉིན་རེའི་གསར་ཤོག་གི་གསར་འགོད་པ་ཇར་ནེལ་སིང་ཟེར་བས་ཕྱི་ལོ་༡༩༨༤ལོའི་ཟིང་འཁྲུག་ནང་སིག་མི་རིགས་སྟོང་ཕྲག་གསུམ་ལྷག་རྐྱེན་ལམ་དུ་ཕྱིན་པའི་ནང་ཇག་རྡིཤ་ཀྲིཏ་ལར་ཟེར་བའི་ཀོང་རེསི་ཚོགས་པའི་འཐུས་མི་མཐོ་གྲས་ཐེ་བྱུས་ཡོད་མིན་དཔྱད་ཞིབ་བྱས་པའི་རྗེས་སུ་རྒྱ་གར་གྱི་དབུས་གསང་བའི་ལས་ཁང་གི་བདུན་ཕྲག་སྔོན་མའི་ནང་ཁོང་ལ་ཉེས་མེད་གསལ་པོ་བཟོས་པ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་ནང་སྲིད་བློན་ཆེན་མཆོག་གིས་དབུས་གསང་བའི་ལས་ཁུངས་ནི་རང་དབང་ཅན་གྱི་ལས་ཁང་ཞིག་ཡིན་པས་ལས་ཁུངས་དེས་ཐག་གཅོད་གང་གནང་ནང་གཞུང་ཐེ་བྱུས་མེད་སྐོར་ལན་སྐྱོན་སྐབས་ཇར་ནེལ་སིང་ཡིས་ནང་སྲིད་བློན་ཆེན་མཆོག་ལ་ལྷམ་དབྱུགས་ཀྱང་ཁོང་ལ་ཕོག་མིན་འདུག