ཐའེ་ལན་ཌིར་ཡོད་པའི་འབར་མའི་མིར་རོགས་ཕན།

ལྕམ་ཨོང་སན་སུའུ་ཆི་ཡིས་ཐཡི་ལེནཌ་ནང་གནས་སྤོས་བྱས་པའི་འབར་མའི་མང་ཚོགས་ལ་ཁོང་གིས་རོགས་ཕན་གང་ཐུབ་གནང་རྒྱུ་ཡིན་སྐོར།

2012.05.30

༄༅༎དམངས་གཙོའི་རང་གཟུགས་ལྕམ་ཨོང་སན་སུའུ་ཆི་ཡིས་ ཐཡི་ལེནཌ་ནང་གནས་སྤོས་བྱས་པའི་འབར་མའི་མང་ཚོགས་ལ་ཁོང་གིས་རོགས་ཕན་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་བཞག། ཁོང་ལོ་ངོ་༢༤རྗེས་ཕྱིའི་ཡུལ་གྲུའི་ནང་གཟིགས་སྐོར་ཐོག་མ་གནང་བར་ཕེབས་ཡོད་པ་རེད།

ཐཡི་ལེནཌ་གྱི་རྒྱལ་ས་སྦེང་ཀོཀ་གི་ལྷོ་ཕྱོགས་ཞིང་ཆེན་ས་མུཏ་ས་ཁོན་གྱི་སྲང་ལམ་ཞིག་ནང་འདུས་པའི་ འབར་མའི་མང་ཚོགས་བརྒྱ་ཕྲག་འགའ་ཤས་ལ། ལྕམ་སུའུ་ཆི་ཡིས་ ཕྱི་གྱར་འབར་མའི་ཡུལ་མི་ཚོར་རོགས་ཕན་གང་ཐུབ་གནང་རྒྱུའི་ཁས་ལེན་དང་བཅས་། ཁོང་ཚོ་གང་མགྱོགས་རང་ཡུལ་དུ་ཕྱིར་ལོག་ཐུབ་པའི་རེ་བ་གནང་བཞག། མི་མང་དེ་ཚོའི་ལག་ཏུ་ལྕམ་ སུ་ཅི་ཡི་འདྲ་པར་དང༌། འབར་མ་ལ་རང་དབང་དགོས། ང་ཚོ་སོ་སོའི་ལུང་པར་ལོག་འདོད་འདུག་ཅེས་འབོད་ཚིག་འཁོད་པའི་ཡིག་སྦྱང་འཁྱེར་ཡོད་པ་རེད།

དེ་བཞིན་ཐཡི་ལེནཌ་ནང་འབར་མའི་ཡུལ་མི་ཕོན་ཆེ་གནས་སྡོད་བྱ་ཡུལ་རྒྱ་མཚོའི་ཐོན་ཁུངས་ལས་སྣོན་བྱེད་ས་ཆེ་ཤོས་མ་ཧ་ཆའེ་ས་གནས་སུ་ལྕམ་སུའུ་ཆི་ལ་དགའ་བསུ་ཧ་ཅང་ཆེན་པོ་ཞུས་ཡོད་པ་ལྟར། བུད་མེད་ཕུ་ཡིས་མོ་རང་དགའ་ཚོར་ཆེན་པོ་བསྐྱེད་ནས་ངུ་ཤོར་གྱི་ཡོད་པ་དང༌། འབར་མའི་མང་ཚོགས་ཀྱི་རེ་འདོད་བཞིན་འབར་མའི་ནང་དམངས་གཙོ་སླར་གསོ་ཐུབ་པའི་རེ་བ་ཡོད་ཅེས་འགྲེལ་བརྗོད་བྱས་བཞག།

ལྕམ་སུའུ་ཆི་མཆོག་གིས་ཐཡི་ལེནཌ་ཁུལ་གྱི་འབར་མའི་ཡུལ་མི་ཚོར་བཀའ་སློབ་གནང་གྲུབ་པའི་རྗེས་ གསར་འགོད་པ་ཚོར་ ཐཡི་ལེནཌ་ནང་ལས་རྩོལ་བྱེད་བཞིན་པའི་འབར་མའི་ཡུལ་མི་ཚོར་དཀའ་ངལ་ཇི་ཙམ་འཕྲད་ཀྱང་སེམས་ཤུགས་མ་ཆགས་པར་གནས་ཡོད་པ་དེར་བསྔགས་བརྗོད་གནང་སྟེ། ཁོང་ཚོ་ཚང་མས་ནམ་ཞིག་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུའི་འདོད་པ་ཡོད་པ་བཞིན། དེ་ལྟར་ཡོང་བ་བྱ་རྒྱུ་དེ་ཁོང་གི་ཚོགས་པའི་ལས་འགན་ཡིན་སྐོར་གསུངས་བཞག།

དེ་བཞིན་ལྕམ་སུའུ་ཆི་ཡིས་ ཐཡི་ལེནཌ་གྱི་བྱང་ཕྱོགས་ས་ཁུལ་དུ་སྐྱབས་བཅོལ་བའི་སྒར་སའི་ནང་གནས་སྡོད་བྱེད་མཁན་འབར་མའི་སྐྱབས་བཅོལ་བ་འབུམ་གཅིག་མིན་ཙམ་ཞིག་ཡོད་པ་ཚོ་ཐུག་འཕྲད་གནང་བར་ཕེབས་རྒྱུ་ཡིན་པ་དང༌། རེས་གཟའ་པ་སངས་ཉིན་རྒྱལ་ས་སྦེང་ཀོཀ་ནང་ཚུགས་གནང་རྒྱུའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་ཚོགས་སར་ཕེབས་བཞུགས་གནང་མཁན་ཚོང་པའི་འགོ་ཁྲིད་ཆེ་ཁག་དང་མཇལ་འཕྲད་གནང་ཡག་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎