ཁེ་ན་ཊའི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་བློན་ཆེན་དང་མཇལ་བ།


2015.01.12
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁེ་ན་ཊའི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་བློན་ཆེན་གསར་པ་ལྕམ་Shannon  Fraserམཆོག་དང་མཇལ་འཕྲད་སྐབས། ༢༠༡༥།༡།༡༡ ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁེ་ན་ཊའི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་བློན་ཆེན་གསར་པ་ལྕམ་Shannon Fraserམཆོག་དང་མཇལ་འཕྲད་སྐབས། ༢༠༡༥།༡།༡༡
བོད་མིའི་སྒྲིག་འཛུགས

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁེ་ན་ཊའི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་བློན་ཆེན་དང་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་གནང་འདུག  
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཁ་ས་ཕྱི་ཚེས་༡༡་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཁེ་ན་ཊའི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་བློན་ཆེན་གསར་པ་ལྕམ་Shannon  Fraserམཆོག་དང་མཇལ་འཕྲད་ཞུས་ནས་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས་ཁེ་ན་ཊའི་གཞུང་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་མ་ཟད། དེང་སྐབས་ཁེ་ན་ཊའི་ནང་བོད་མི་གཞིས་སྤོས་ཀྱི་ལས་གཞིའི་སྐོར་ལ་འགྲེལ་བཤད་སྐྱོན་གནང་འདུག དེ་བཞིན་དུ་བཀའ་བློན་མཆོག་ནས་དོགས་སེལ་དགོས་པའི་གནད་དོན་ཆུང་ཙག་ཁག་གཅིག་གི་ཐོག་ལ་ལམ་སྟོན་ཡང་ཞུས་འདུག སྐབས་དེར་ཁེ་ན་ཊའི་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱི་བློན་ཆེན་མཆོག་དང་ཁོང་གི་ཕྱག་རོགས་ལྕམ་Lillian Zadravetzརྣམ་གཉིས་ཀྱིས་ཀྱང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུས་པའི་བོད་མིའི་སྐུ་ཚབ་རྣམ་པར་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཁེ་ན་ཊར་བོད་མི་གཞིས་སྤོས་ལས་གཞི་འདི་མདུན་བསྐྱོད་བྱེད་བཞིན་པར་འདོད་བློ་ཁེངས་པོ་བྱུང་ཡོད་པའི་རྣམ་པ་ཤུགས་ཆེ་སྟོན་གནང་འདུག ཁོང་རྣམ་གཉིས་ཀྱིས་དོགས་སེལ་དགོས་པའི་གནད་དོན་དེ་དག་གི་ཐོག་གཟིགས་ཞིབ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་ལྷན་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཡོད་པའི་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་ཀྱང་ལྷན་བཅར་ཞུས་གནང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎