ཤེས་རིག་བཀའ་བློན་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་འཚམས་གཟིགས།


2018.08.03
ཤེས་རིག་བཀའ་བློན་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་འཚམས་གཟིགས། 2018/7/31 ཤེས་རིག་བཀའ་བློན་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་འཚམས་གཟིགས། 2018/7/31
OOT

ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་རུ་འཚམས་གཟིགས་གནང་ཡོད་པ་རེད།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཁེ་ན་ཌའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་གནང་བཞིན་པའི་རོགས་སྐྱོར་རྒྱུན་གནས་ཡོང་ཆེད་སྤྱི་ཟླ་༧་པའི་ཚེས་༣༠་ཉིན་ནས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་འཚམས་གཟིགས་གནང་བ་ཞིག་ཡིན་པ་དང་། ཤེས་རིག་བཀའ་བློན་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ཀྱིས་ཁེ་ན་ཌ་རྒྱལ་སྤྱིའི་ཡར་རྒྱས་ལས་ཁུངས་ཀྱི་ངེས་སྟོན་པ་དང་ཐུག་འཕྲད་གནང་སྟེ་རོགས་དངུལ་ཀྱི་དགོས་མཁོའི་རང་བཞིན་དང་། དཀའ་ངལ་སྐོར་འགྲེལ་བརྗོད་གནང་ཡོད། སྐབས་དེར་ངེས་སྟོན་པས་ཁཱ་ན་ཌ་གཞུང་གིས་རྒྱབ་སྐྱོར་གནང་བཞིན་ཡོད་པ་ལྟར། མགྱོགས་མྱུར་ཁེ་ན་ཌ་གཞུང་གིས་གཞུང་འབྲེལ་ཐོག་གསལ་བསྒྲགས་གནང་རྒྱུ་ཡིན་པ་གསུངས་འདུག
གཞན་ཡང་བཀའ་བློན་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་ཁེ་ན་ཌའི་ཆོས་དད་རང་དབང་དང་སྲིད་བྱུས་སློབ་སྟོན་ཚན་པའི་ངེས་སྟོན་པ་དང་ཐུག་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ཕྱོགས་མཚུངས་ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བསྐོངས་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་ཆེན་སྐོར་སྙན་སེང་ཞུས་ཡོད་པ་རེད།
དེ་མིན་བཀའ་བློན་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་ཁེ་ན་ཌའི་རྒྱ་གར་གཞུང་ཚབ་པ་དང་མཇལ་འཕྲད་ཀྱིས་ཀེ་ན་ཌ་ཁུལ་གནས་སྡོད་བོད་མི་རྣམས་རྒྱ་གར་དུ་འགྲོ་རྒྱུའི་མཐོང་མཆན་ཝི་ས་ཐོབ་རྒྱུའི་དཀའ་ངལ་གྱི་གནས་ལུགས་གསལ་བཤད་གནང་ཞིང་།  ཀེ་ན་ཌའི་རྒྱ་གར་གཞུང་ཚབ་ཀྱི་ངོས་ནས་དཀའ་ངལ་དེ་སེལ་ཐབས་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎