བཀའ་ཁྲི་མཆོག་ཀུ་ལུ་མ་ན་ལི་ཁུལ་དུ་འཚམས་གཟིགས།
2012.05.23
༄༅༎ཕྱི་ཚེས་༢༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཀུ་ལུ་མ་ན་ལི་ཁུལ་དུ་ཕེབས་ཡོད་པ་དང་ཁུལ་དེའི་རྡོ་སྦིས་དཔལ་རབ་ལྡན་གླིང་གཞིས་ཆགས་ཚོགས་ཁང་དུ་ ཀུ་ལུ་མ་ན་ལི་ཁུལ་གྱི་ཚོང་པའི་ཚོགས་པས་དབུས་ཚོགས་པ་སྐྱིད་སྡུག་ཐུན་མོང་གིས་བཀའ་ཁྲི་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག ཕེབས་བསུའི་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་མཆོག་ནས་དབུས་བོདམིའི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་ཡོང་བ་ལ་རྩ་བ་ས་གནས་ནས་ཆིག་སྒྲིལ་གྱི་ཕྱར་གྲུ་མཉམ་འདེགས་དགོས་པ་གལ་ཆེར་ཆགས་ཡོད་པར་བརྟེན་ རྣམ་པ་ཚོས་རྒྱུན་གཏན་ནས་དང་བླང་གིས་སྤྱི་དོན་ཐོག་ལྷག་བསམ་རྣམ་དག་གིས་ཕྱག་ལས་མང་པོ་གནང་བཞིན་ཡོད་པ་མུ་མཐུད་གནང་དགོས་གལ་ཆེ་བའི་གསུང་བཤད་གནང་ཡོད་འདུག
དེ་དང་དུས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་སྟེན་བཀའ་བློན་མཆོག་ཀྱང་ལྦར་སོའོ་སྨན་པའི་མཐོ་སློབ་དང་ དེ་བཞིན་པོའོ་ལེནདྲ་དང་ལེཀ་ལྦ་ལེ་ས་ཐེབས་རྩ་ཚོགས་པས་མགྲོན་འབོད་ཞུས་པ་ལྟར་ ཕྱི་ཟླ་ལྔ་པའི་ཚེས་༢༣ནས་༣༠བར་པོའོ་ལེནདྲ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་དང་ དེའི་རིང་ལྦར་སོར་སྨན་པའི་མཐོ་སློབ་ཏུ་རྒྱལ་སྤྱིའི་ཆེད་དོན་བགྲོ་གླེང་ཁོངས་མཉམ་ཞུགས་དང་པོའོ་ལེནདྲ་གནས་སྡོད་ས་གནས་བོད་རིགས་མང་ཚོགས་དང་ལྷན་འཛོམས་གནང་རྒྱུ་ལེཀ་ལྦ་ལེ་ས་བོད་ཀྱི་གྲོགས་པོ་ཞེས་པའི་ཚོགས་པའི་མི་སྣ་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་ལས་རིམ་འཆར་གཞི་ཡོད་འདུག