ཨ་རིའི་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་དང་མཇལ་འཕྲད་།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་ཨ་རིའི་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་རྣམ་པར་མཇལ་འཕྲད་གནང་འདུག

2012.07.18

ཕྱི་ཟླ་བདུན་པའི་ཚེས་༡༧ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་འཛམ་གླིང་ནང་མང་གཙོ་དང་རང་དབང་སྲུང་སྐྱོབ་ཆེད་བཙུགས་པའི་གནས་ཚུལ་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་Michael  Meehan དང་། རྒྱལ་སྤྱིའི་རྒྱལ་སྲིང་ལས་ཁུངས་གྱི་འགན་འཛིན་སྐུ་ཞབས་ Richard M lobo དང་མཇལ་འཕྲད་གནང་ཡོད་པ་རེད།  དེའི་སྐབས་འགན་འཛིན་འཐུས་མི་རྣམ་གཉིས་ཀྱིས་ བོདམིའི་རང་དབང་དང་མང་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་འཆང་་བཞིན་ཡོད་པ་གསུང་བ་མ་ཟད་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་གནས་ཚུལ་རྒྱ་ཁྱབ་ཏུ་གཏོང་ཐབས་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག  གོང་དུ་ཞུས་པའི་ཨ་རིའི་རྒྱང་སྲིང་ལས་ཁང་དེས་ བོད་སྐད་གསར་འགྱུར་བརྒྱུད་ལམ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་།   ཨི་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སོགས་ཀྱི་མཐུན་འགྱུར་གནང་བཞིན་ཡོད་པ་དང་།  ཨ་རིའི་རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་རྣམ་གཉིས་དང་  བཀའ་བློན་ཁྲི་པ་དབར་མཇལ་མོལ་སྒྲུབ་མཚམས་རྒྱང་སྲིང་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ རྒྱང་སྲིང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ནས་བོད་ཀྱི་གནས་ཚུལ་སྐོར་རླུང་འཕྲིན་དང་བརྙན་འཕྲིན་ དྲ་རྒྱ་སོགས་བརྒྱུད་ལམ་འདྲ་མིན་ཁག་ནང་ཚོུད་༢༤རིང་རྒྱང་སྲིང་ཞུ་རྒྱུ་དང་ དྲ་རྒྱའི་གནས་ཚུལ་དེ་དག་འཛམ་གླིང་ས་ཕྱོགས་ཀུན་ནས་ལྟ་ཐུབ་རྒྱུ་དང་  བོད་མི་ཞི་རྒོལ་བ་ཚོར་ རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་དང་བྱ་བཞིན་པའི་གནས་ཚུལ་དང་། བོད་རང་སྐྱོང་ལྗོངས་དང་། དེ་བཞིན་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་ཁག་ནང་བོད་མིའི་ཆབ་སྲིད་དང་ཆོས་དད་ འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གཙོ་ཆེ་ཤོས་འདི་ག་ཨི་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གིས་རྒྱང་སྲིང་གནང་བཞིན་ཡོད་པ་མ་ཟད། གནས་ཚུལ་དེ་དག་ལ་གཞི་བཅོས་ཏེ་ གསར་འགྱུར་བརྒྱུད་ལམ་གཞན་གྱིས་ལུང་འདྲེན་བྱེད་བཞིན་ཡོད་སོགས་འཁོད་ཡོད་པ་རེད།   དེ་དང་འབྲེལ་ཨ་རིའི་རྒྱང་སྲིང་ལས་ཁུངས་འགན་འཛིན་ལྷན་ཚོགས་ཀྱིས་འདི་ལོ་ཕྱི་ཟླ་བདུན་པའི་ཚེས་༢༦ཉིན་བོད་སྐད་གསར་འགྱུར་བརྒྱུད་ལམ་ཁག་གི་གལ་གནད་སྐོར་ཉམས་ཞིབ་གནང་བའི་སྙན་ཐོ་ཞིག་ཡང་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎