བཀའ་ཁྲི་བློ་བཟང་སེང་གེ་མཆོག་གཞུང་འབྲེལ་ཕྱོགས་ཕེབས།

བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ།

2012.02.14

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་ནང་གི་གཙུག་ལག་སློབ་གྲ་ཞིག་ནང་གསུང་བཤད་གནང་བར་གདན་ཞུ་བྱས་པ་ལྟར་ཕྱི་ཟླ་གཉིས་པའི་ཚེས་༡༥ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་གི་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བཀའ་ཁྲི་མཆོག་ཕྱི་ཟླ་གཉིས་པའི་ཚེས་༡༥ རེས་གཟའ་ལྷག་པའི་ཕྱི་དྲོ་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་སྟེ། ཕྱི་ཚེས་༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་རྒྱུ་དང༌། དེ་ནས་ཉིན་དེར་རྒྱལ་ས་ལྡི་ལི་ནས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་བརྒྱུད་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕེབས་ཏེ་ཉིན་གྲངས་བཞིའི་རིང་སྐུ་སྒེར་གྱི་དགུང་སེང་དུ་བཞུགས་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཟླ་གཉིས་པའི་ཚེས་༢༡ ཉིན་ཨ་རིའི་གཙུག་ལག་སློབ་གྲ་ཆེན་མོ་ཞིག་ཏུ་གསུང་བཤད་གནང་རྒྱུ་དང༌། ཕྱི་ཚེས་༢༥ ནས་༢༦ ཉིན་གྲངས་གཉིས་རིང་གྲོང་ཁྱེར་ནེའུ་ཡོག་དང༌། ཁེ་ན་ཊའི་གྲོང་ཁྱེར་ཊོ་རན་ཊོ་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུ། དེ་རྗེས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕེབས་ཏེ། ནེའུ་ཡོག་ནས་Italy གྲོང་ཁྱེར་Milan ལ་དུ་འཚམས་འདྲིར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་༢༧ ནས་༢༩ བར་ཨི་ཊ་ལི་མངའ་ཁོངས་ཀྱི་རང་སྐྱོང་ས་ཁུལ་ལྷོ་ཊའེ་རོལ་དང་ཊེརེན་ཊི་ནོ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཞུ་རྒྱུ་མ་ཟད། ཤེས་ཡོན་ལྟེ་གནས་ཁང་ཞིག་ཏུ་གསུང་བཤད་གནང་ཡིན་ཞིང༌། དེ་རྗེས་ཨ་ཡར་ལེན་ཊའི་རྒྱལ་ས་ཌབ་ལིན་དུ་མཐོ་རིམ་སློབ་གྲ་ཞིག་ནས་བཀའ་ཁྲི་མཆོག་ལ་གསེར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎