ཨ་རིའི་མཐོ་སློབ་ཁང་ཞིག་ཏུ་བོད་སྐོར་གསུང་བཤད།

ཨ་རིའི་ཁ་ནེཀ་ཊི་ཀེཊ་མངའ་སྡེའི་མཐོ་སློབ་ཁང་ཞིག་ནང་བཀའ་ཁྲི་མཆོས་ནས་བོད་མིའི་མང་གསོའི་སྐོར་བཀའ་སློབ་གནང་བ།

2012.02.27

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ཀ་ནེ་ཀྲི་ཀེཏ་མངའ་སྡེའི་WCSU ཞེས་པའི་གཙུག་ལག་སློབ་གཉེར་ཁང་ནང་བཙན་བྱོལ་བོད་མིའི་མང་གཙོའི་གནས་བབས་སྐོར་བཀའ་སློབ་གསུང་བཤད་གནང་བའི་གནས་ཚུལ་འདུག དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཀྱི་ཐོག་གནས་ཚུལ་འགྲེམས་སྤེལ་གནང་བར་གཞིགས་ན།བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱིས་བདུན་སྔོན་མའི་རེས་གཟའ་མིག་དམར་ཉིན་གོང་ཞུས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དེར་བོད་ནང་དེང་སྐབས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡང་མཐའ་མ་དེར་བོད་ཀྱི་དཀའ་རྙོགས་དེ་ཞི་བའི་ངང་སེལ་བའི་རེ་བ་ཡོད་སྐོར་གསུངས་འདུག  ཁོང་གིས་རང་ཉིད་བཙན་བྱོལ་བོད་མིས་འོས་འདེམས་གནང་བའི་བཀའ་བློན་ཁྲི་པ་གཅིག་ཡིན་པའི་ཆ་ནས་དམིགས་ཡུལ་བོད་ནང་རང་ལུས་མེར་བསྲེག་གི་གནས་ཚུལ་གཙོས་དྲག་གནོན་དེ་དག་མཚམས་འཇོག་ཡོང་རྒྱུར་འབད་ཐབས་གནང་རྒྱུ་ཡིན་སྐོར་གསུངས་འདུག  གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་སྐུ་ཞབས་ཇེམ་སི་ཤི་མོ་ཀྲར་ཡིས་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་དེ་གསན་པའི་རྗེས་ད་ཐེངས་བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་གསན་མཁན་རྣམས་ལ་བོད་ཀྱི་གནས་ཚུལ་མང་དག་མཁྱེན་རྟོགས་ཡོང་རྒྱུར་ཕན་ཐོག་བྱུང་ཡོད་སྐོར་གསུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎