བཀའ་ཁྲི་མཆོག་ཨ་རིའི་རྒྱལ་སར་གཟིགས་སྐོར་གནང་རྒྱུ།
2012.07.15
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་ཨ་མི་རི་ཀའི་རྒྱལ་ཝ་ཤིང་ཀྲོན་ནང་གཞུང་འབྲེལ་གཟིགསསྐོར་གནང་གི་ཡོད་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་འདི་ཚེས་༡༦སྟེ་རེས་གཟའ་ཟླ་བའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ནས་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་གནང་རྒྱུ་དང་རེས་གཟའ་པ་སངས་ཉིན་ཕྱིར་ལོག་གིས་བྱང་ཨ་མི་རི་ཀའི་བོད་རིགས་སྤྱི་མཐུནཚོགས་པའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་གསུང་བཤད་གནང་གཏན་འཁེལ་ཡོད་འདུག བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་གནང་བཞིན་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་རེའི་ཚོགས་ཆེན་འདི་ཚེས་༢༡ནས་༢༢ཉིན་གཉིས་རིང་ནིའུ་ཡོརྐ་ནང་འཚོགས་གཏན་འཁེལ་ཡོད་རེད།།