བདེ་སྲུང་བཀའ་བློན་མཆོག་གཞུང་འབྲེལ་ཕྱོགས་ཕེབས།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་མཆོག་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་གཅིག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་རེད།

2012.07.02

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་བཞིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་འདུག། དེ་ཡང་ཕྱི་ཟླ་ ༧ ཚེས་ ༡ ཉིན་བཀའ་བློན་མཆོག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་སྟེ་དེ་རིང་ཕྱི་ཚེས་ ༢ ཉིན་ལྡི་ལིར་འབྲེལ་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ།  སང་ཉིན་ཕྱི་ཚེས་ ༣ ཉིན་ལྡི་ལི་ནས་ཕ་རན་སིའི་རྒྱལ་ས་པེ་རི་སི་དུ་ཕེབས་འབྱོར་གྱིས་ཁུལ་དེར་ཕྱི་ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་མ་ཟད། ཕ་རན་སིར་གནས་བཞུགས་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་དང་། དེ་ནས་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡག་རེད་འདུག།
ཕྱི་ཚེས་ ༥ ཉིན་ཕ་རན་སི་ནས་ཧོ་ལེན་ཌིའི་རྒྱལ་ས་ཨེམ་ས་ཊར་ཌམ་དུ་ Amsterdam ཕེབས་ཏེ་ཕྱི་ཚེས་ ༦ ཉིན་ཁུལ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་མ་ཟད། ས་གནས་བོད་མི་ཚོ་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྗེས་ཧོ་ལེན་ཌེའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་ཡང་མཇལ་འཕྲད་གནང་ཡག་རེད་འདུག དེ་བཞིན་ཕྱི་ཚེས་ ༧ ཉིན་ཧོ་ལེན་ཌི་ནས་བྷེལ་ཇམ་གྱི་གྲོང་ཁྱེར་Antwerpen དུ་ཕེབས་འབྱོར་གྱིས་ས་གནས་བོད་མི་རྣམས་དང་ལྷན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། ཕྱི་ཚེས་ ༨ ཉིན་རྒྱལ་ས་སྦར་སིལ་Brussels དུ་ཕེབས་འབྱོར་གྱིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་གནང་རྒྱུ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།
དེ་བཞིན་ཕྱི་ཚེས་ ༡༢ ནས་ཚེས་ ༡༤ བར་Spain གྱི་རྒྱལ་ས་Barcelona ཕེབས་འབྱོར་གྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་། བོད་རིགས་མི་མང་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་ཕྲད་གནང་རྒྱུ་ཡིན་འདུག
གཞན་ཡང་བདེ་སྲུང་བཀའ་བློན་མཆོག་གིས་ཕྱི་ཚེས་ ༡༥ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སི་ཁུལ་དུ་སླར་ཡང་ཕེབས་ཏེ་ཁུལ་དེའི་བོད་རིགས་མི་མང་དང་ལྷན་ཚོགས་གནང་རྗེས་ཕྱི་ཚེས་ ༡༦ ཉིན་པེ་རི་སི་ནས་ལྡི་ལིར་ཕེབས་ཐོན་གྱིས་ ཚེས་ ༡༨ ཉིན་
རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་སྐོར་ བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎