ཐའེ་ལྦན་གྲོང་ཁྱེར་ཀའོ་ཞུང་གི་སྤྱི་ཁྱབ་རྒྱ་ནག་ཏུ་འཚམས་གཟིཌ།

ཐེ་ལྦན་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཀའོ་ཞུང་གྲོང་ཁྱེར་གྱི་སྤྱི་ཁྱབ་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་པ།

2009.05.20

༄༅༎ཐེ་ལྦན་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཀའོ་ཞུང་གྲོང་ཁྱེར་གྱི་སྤྱི་ཁྱབ་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་པ་རེད་ཅེས་དེ་རིང་གཞུང་འབྲེལ་གསལ་སྟོན་གནང་བཞག

ཐེ་ལྦན་ཀའོ་ཞུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ལྕམ་ཁྲེན་ཁྲུས་རེས་གཟའ་ཕུར་བུ་ནས་འགོ་བཙུགས་ཀྱིས་ཉིན་བཞིའི་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧད་ནང་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་གནང་གི་ཡོད་པ་རེད། ཡང་ཀའོ་ཞུང་གྲོང་ཁྱེར་གཞུང་གིས་གསུངས་ན་གྲོང་ཁྱེར་སྤྱི་ཁྱབ་ཁྲེན་པེ་ཅིང་དང་ཧྲང་ཧད་ནང་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུ་དང་སྦྲགས་གྲོང་ཁྱེར་དེ་གཉིས་ཀྱི་སྤྱི་ཁྱབ་མཉམ་དུ་ཡང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག ཀའོ་ཞུང་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ཁྲེན་རྒྱ་ནག་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་བ་དང་དུས་མཚུངས་རིང་མིན་ཕྱི་ཟླ་བདུན་པའི་ནང་ཀའོ་ཞུང་ནང་སྐོང་འཚོགས་གནང་རྒྱུའི་རྒྱལ་སྤྱིའི་རྩེད་འགྲན་འགྲན་བསྡུར་གྱི་ལས་དོན་ཐོག་ཏུའང་ཁྱབ་བསྒྲགས་གནང་སྟེ་སྐབས་དེར་རྒྱ་ནག་སྐམ་ས་ཆེན་མོ་ནས་ཀའོ་ཞུང་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་ཙམ་ཕེབས་ཐུབ་པའ་རེ་སྐུལ་ཡང་གནང་གི་ཡོད་པ་རེད། ལྕམ་ཁྲེན་ཀའོ་ཞུང་གྲོང་ཁྱེར་སྤྱི་ཁྱབ་ཏུ་གཞུང་འབྲེལ་འོས་འདེམས་མ་བྱུང་གོང་ཐེ་ལྦན་མང་གཙོ་ཡར་ཐོན་ཚོགས་པའི་ངལ་རྩོལ་གྱི་བློན་ཆེན་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་གཏོང་གནང་མཁན་གྱི་བེུད་ཅིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎