ལྕམ་ ཀ་པི་ལཱ་ དམ་པ་དེའི་དྲན་རྟེན་གྱི་མཛད་སྒོ་ཞིག་གནང་བར་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་གནང་འདུག


2020.10.31
ལྕམ་ ཀ་པི་ལཱ་ དམ་པ་དེའི་དྲན་རྟེན་གྱི་མཛད་སྒོ་ཞིག་གནང་བར་གནད་ཡོད་མི་སྣ་ཁག་ཅིག་མཉམ་ཞུགས་གནང་འདུག ལྕམ་ ཀ་པི་ལཱ་ ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སྐབས་ཀྱི་དེ་སྔའི་སྐུ་པར།
དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་རྣམ་གཉིས་ཀྱིས་འབུམ་རམ་པ་ལྕམ་ཀ་པི་ལཱ་ ཝཱཏྶཡཱ་ཡན་Kapila Vatsyayan དམ་པ་དེ་འདྲ་བོད་པའི་གྲོགས་པོ་གྲོགས་མོ་ཡོད་སྟབས། བོད་ཀྱི་གནད་དོན་དེ་རྒྱ་གར་ནང་གསོན་པོར་གནས་ཐུབ་ཡོད་སྐོར་ལྡི་ལི་བོད་ཁང་སོགས་ཀྱིས་དྲ་རྒྱ་བརྒྱུད་ནས་གོ་སྒྲིག་ཞུས་པའི་དམ་པ་དེའི་དྲན་རྟེན་མཛད་སྒོར་གསུངས་འདུག རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་ཆེན་པོ་གནང་མཁན་ལྕམ་ཀ་པི་ལཱ་ ཝཱཏྶཡཱ་ཡན་དམ་པ་དེའི་དྲན་རྟེན་གྱི་མཛད་སྒོ་དྲ་རྒྱ་བརྒྱུད་ནས་ཚོགས་པའི་ནང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་Shyam Saran མཆོག་དང་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་གསམ་གཏན་ལགས། Rajiv Mehrotra དེ་བཞིན་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སོགས་ཆེས་མཐོའི་མི་སྣ་མང་པོ་ལྷན་བཞུགས་གནང་འདུག  སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྕམ་དམ་པ་དེ་ནི་ཁ་རི་ཁ་ཐུག་དང་སྙིང་སྟོབས་ཆེ་བའི་གང་ཟག་ཡིན་སྐོར་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་ཨ་མ་ལགས་ཅེས་འབོད་གནང་མཛད་ཀྱི་ཡོད་པ་དང་ཆབ་སྲིད་ཐོག་ནས་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་འགྲན་ཟླ་བྲལ་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༦་ལོར་རྒྱ་གར་ནང་སྟོན་པ་སྐུ་འཁྲུངས་ནས་ལོ་༢༥༥༠་འཁོར་བའི་དུས་ཆེན་སྲུང་བརྕིར་ཆིབས་བསྒྱུར་མཛད་སྐབས་་ལྕམ་ཀ་པི་ལཱ་མཆོག་ནི་ཀོང་རེས་ཚོགས་པའི་དཔོན་རིགས་ཤིག་ཡིན་སྟབས་མཇལ་འཕྲད་བྱུང་བ་ནས་བཟུང་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་དང་བོད་མིར་ཁོང་ལྟ་བུའི་གྲོགས་པོ་གྲོགས་མོ་ཡོད་སྟབས་འཛམ་གླིང་སྤྱི་དང་ལྷག་དོན་དུ་རྒྱ་གར་ནང་བོད་ཀྱི་གནད་དོན་གསོན་པོར་གནས་ཡོད་སྐོར་གསུངས་འདུག ཡང་སྐབས་དེར་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་གིས་ལྕམ་ཀ་པི་ལཱ་དམ་པ་དེར་མྱ་ངན་གུས་བཏུད་ཞུས་པ་དང་འབྲེལ། ཁོང་གིས་དམ་པ་དེ་ཐེངས་འགའ་ཤས་ལས་མཇལ་མྱོང་མེད་ཀྱང་། ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་ལ་རྒྱབ་སྐྱོར་ཆེན་པོ་གནང་སྟབས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་ཁོང་གི་བཀྲིན་དུས་ནམ་ཡང་བརྗེད་རྒྱུ་མིན་སྐོར་སོགས་གསུངས་པའི་རྗེས་སུ་དམ་པ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་བྱར་སྐྱེ་བ་བཞེས་རྒྱུའི་བསྔོ་སྨོན་ཡང་གནང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎