ས་ཞིང་བཙན་འཕྲོག


2013.05.28
དཀར་མཛེས།
Photo: RFA

༄༅།    །བདུན་ཕྲག་སྔོན་མ་ནས་བཟུང་དཀར་མཛེས་རྫོང་སྲིད་གཞུང་གི་འབྲེལ་ཡོད་ཚན་པས་རྫོང་གི་ཉེ་འཁོར་དུ་ཡོད་པའི་བོད་མི་སྒེར་པའི་ས་ཞིང་འདེབས་འཛུགས་ཟིན་པ་དང་།    ས་སྟོང་ཡིན་པ་ཚང་མ་གཞུང་གི་བེད་སྤྱོད་གཏོང་རྒྱུ་ཡིན་པར་ཁ་གཡར་ཏེ་མང་ཚོགས་ཀྱི་འདོད་མོས་ཡོད་མིན་ལ་མ་བལྟོས་པར་རིན་འབབ་ཕྲན་བུ་རེ་ལེན་དུ་བཅུག་སྟེ་ས་ཞིང་གཞུང་གི་བཙན་འཕྲོག་བྱེད་བཞིན་ཡོད་པ་རེད། ས་གནས་མང་ཚོགས་ནས་བརྗོད་པ་ལྟར་ན། ད་ལྟའི་ཆར་ས་ཁྱོན་ལ་དཔག་སྟེ་རྒྱ་སྒོར་ཁྲི་བཞི་ཙམ་རེ་སྤྲོད་ཀྱི་ཡོད་པ་དང༌། ས་ཞིང་འདེབས་འཛུགས་བྱས་ཡོད་པའི་རིགས་ལ་རྒྱ་སྒོར་བརྒྱད་སྟོང་ཞིག་འཕར་མ་སྤྲོད་ཀྱི་ཡོད་འདུག གལ་སྲིད་ས་ཆ་དེ་དག་རྒྱུན་གཏན་ཚོང་སྒྱུར་གྱི་རིན་འབབ་ལྟར་རོབ་རྩིས་བྱས་ན།    རྒྱ་སྒོར་ཁྲི་བཞི་བཅུ་ནས་ལྔ་བཅུ་ཐོབ་པའི་ས་ཆ་ཤ་སྟག་ཡིན་ནའང་ད་ལྟ་ས་གནས་མི་མང་ལ་དབང་ཚད་གང་ཡང་མེད་པར་རྫོང་སྲིད་གཞུང་ནས་བཙན་བཀའ་བཏང་སྟེ།    རྫོང་ཉེ་འཁོར་གྱི་ས་ཞིང་དང་ས་སྟོང་ཁག་རིན་གོང་ཁེ་པོའི་ཐོག་རྫོང་སྲིད་གཞུང་ནས་བཙན་འཕྲོག་རྩིས་ལེན་བྱེད་བཞིན་པའི་ཐད་ས་གནས་མང་ཚོགས་ཀྱིས་སེམས་ཚབས་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎