རྒྱལ་དབང་ཀརྨ་པ་མཆོག་ནིའུ་ཡོག་ཏུ་ཞབས་སོར་འཁོད་གནང་འདུག

རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གཟའ་པ་སངས་ཉིན་ཨ་རིའི་ནིའུ་ཡོག་ས་གནས་སུ་ཞབས་སོར་འཁོད་གནང་འདུག

2008.05.16

༄༅༎རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གཟའ་པ་སངས་ཉིན་ཨ་རིའི་ནིའུ་ཡོག་ས་གནས་སུ་ཞབས་སོར་འཁོད་ནས་ དུས་ཡུན་ཉིན་གྲངས་བཅོ་བརྒྱད་རིང་བྱང་ཨ་མི་རི་ཀའི་མངའ་ཁུལ་ནིའུ་ཡོག་དང་ ནིའུ་ཇར་སི། ཁོ་ལོ་རེ་ཌོ། སི་ཡ་ཊལ་སོགས་མངའ་ཁུལ་ཁག་ཅིག་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། དེ་ནི་ཀརྨ་པ་རིན་པོ་ཆེ་མཆོག་ཕྱི་ལོ་ཉིས་སྟོང་ལོར་བོད་ནས་རྒྱ་གར་དུ་ཞབས་སོར་འཁོད་པའི་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བསྐྱངས་པ་ཐོག་མ་དེ་ཡིན་པ་རེད། ཨ་རིའི་ནིའུ་ཡོག་མངའ་ཁུལ་དུ་གནས་པའི་ཀརྨ་ཀ་ཏི་ཡ་ན་ཆོས་ཚོགས་དེ་བཞིན་ཀརྨ་པ་སྐུ་གོང་མ་དེས་ཕྱག་བཏབ་གནང་བའི་ཆོས་ཚོགས་ཁག་གི་ལྟེ་གནས་དེ་ཆགས་ཡོད་པ་དང༌། དེར་ཉིན་གྲངས་གསུམ་ཙམ་བཞུགས་བཞག་གནང་རིང་ དད་ལྡན་ཆོས་ཞུ་བ་ཚོར་མཇལ་ཁ་གནང་རྒྱུ་དང་འབྲེལ་ སངས་རྒྱས་སྨན་ལྷའི་བཀའ་དབང་གནང་འཆར་ཡོད་འདུག་ལ་ དགོན་པ་དེའི་དབུ་འབྱེད་མཛད་སྒོ་ཡང་ད་རེས་དུས་གཅིག་ཏུ་གནང་རྒྱུ་ཡིན་འདུག དེ་མིན་ཆིབས་བསྒྱུར་བསྐྱངས་སའི་ཨ་རིའི་ཆོས་ཚོགས་ཁག་སོ་སོའི་ནང་ལ་ཡང་ས་གནས་སོ་སོའི་བོད་མི་དང་དད་ལྡན་པ་ཚོར་མཇལ་ཁ་དང་བཀའ་དབང་བཀའ་ཆོས་སོགས་གནང་རྒྱུའི་མཛད་འཆར་རིམ་པ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎