ཀརྨ་པ་མཆོག་གིས་ཁེ་ཎ་ཊའི་མཛད་འཕྲིན་ལེགས་པར་འགྲུབ་འདུག


2017.06.28
ཀརྨ་པ་མཆོག་ཁེ་ཎ་ཊའི་ནང་། ༢༠༡༧།༦།༢༧ ཀརྨ་པ་མཆོག་ཁེ་ཎ་ཊའི་ནང་། ༢༠༡༧།༦།༢༧
དཔལ་ལྡན་ཉི་མ།

ཀརྨ་པ་མཆོག་ཁེ་ཎ་ཊའི་ནང་གི་སྔ་འགྱུར་རྙིང་མའི་དཔལ་ཡུལ་ལྷ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་སུ་ཕེབས་ནས་བཀའ་སློབ་གནང་འདུག
དེ་ཡང་ས་གནས་ནས་དབུས་ལྗོངས་བཀྲ་ཤིས་དགའ་བས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༢༧  ཉིན་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ལ་སྔ་འགྱུར་རྙིང་མའི་དཔལ་ཡུལ་ལྷ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞབས་སོར་འཁོད་སྐབས། དཔལ་ཡུལ་ལྷ་སྤྲུལ་རིན་པོ་ཆེ་དང་། མཁན་བླ་སློབ་ཚོགས་ཟུང་ནས་ཕེབས་བསུ་ཟབ་རྒྱས་ཞུས་ནས་ལྷ་ཁང་ཆེན་མོར་གདན་འདྲེན་ཞུས་ཤིང་། ༧རྒྱལ་དབང་ཀརྨ་པ་མཆོག་ནས་དགོན་པར་རབ་གནས་དང་། རྟེན་གཙོར་སྙན་ཤལ་ཐུགས་སྨོན་གནང་རྗེས་ཆོས་ཚོགས་ཀྱི་སློབ་མ་རྣམས་ལ་བཀའ་སློབ་དང་མཇལ་ཁ་གནང་འདུག་ལ་དྲན་རྟེན་སྐུ་པར་ལྷན་དུ་སྒྲོན་བཞེས་གནང་འདུག
ཡང་ཚེས་ ༢༦ ཉིན། དཔལ་༧རྒྱལ་དབང་ཀརྨ་པ་མཆོག་གིས་ཁེ་ཎ་ཊའི་(Vancover)གྲོང་ཁྱེར་ནང་ཡོད་པའི་ཁྲ་འགུ་དགོན་གྱི་གཙུག་ལག་ཁང་དུ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་སྐུ་ཕྲེང་དགུ་པ་ཀརྨ་བློ་གྲོས་ལུང་རིགས་སྨྲ་བའི་སེངྒེ་རིན་པོ་ཆེ་མཆོག་དགུང་ན་ཆེས་སྨིན་པས་སླད་བསྟན་འགྲོའི་དོན་དུ་སྐུ་ཚེ་ཡུན་དུ་བརྟན་པའི་ཕྱིར་དུ་དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་པའི་༧སྐྱབས་རྗེ་འབྲུག་པ་ཡོངས་འཛིན་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་སྐུ་ཕྲེང་གཉིས་པས་དབུས་པའི་མཁན་བླ་འདུས་པ་ཡོངས་ནས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག་དབུ་ཚུགས་གནང་ནས་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་བགེགས་ཐམས་ཅད་ཞི་ཞིང་བསྟན་འགྲོའི་དོན་དུ་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གནང་ནས་ཐེངས་འདིའི་༧རྒྱལ་དབང་ཀརྨ་པ་མཆོག་གི་ཁེ་ཎ་ཊའི་ནང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་འགྲུབ་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎