རྒྱལ་བ་ཀརྨ་པ་མཆོག་རྒྱལ་སྤྱིའི་ལྷན་ཚོགས་ཤིག་སར་ཆེད་ཕེབས།

རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་འཕྲུལ་རིགས་དང་གློག་བརྙན་བཟོ་བསྐྲུན་གྱི་སྒྱུ་རྩལ་སོགས་ཀྱི་ལྷན་ཚོགས་ལ་ཚོགས་བཞུགས་གནང་རྒྱུ།

2009.11.04

༄༅༎རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཕྱི་ཚེས་བཞི་ནས་བདུན་གྱི་བར་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ནང་བསྐོང་ཚོགས་གནང་བཞིན་པའི་རྒྱལ་སྤྱིའི་འཕྲུལ་རིགས་དང་གློག་བརྙན་བཟོ་བསྐྲུན་གྱི་སྒྱུ་རྩལ་སོགས་དང་འབྲེལ་སྤྲོ་སེང་དང་འཆར་འགོད་ཅེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ལ་ཚོགས་བཞུགས་གནང་གི་ཡོད་འདུག

དེ་ཡང་གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་རྒྱལ་སྤྱིའི་ལྷན་ཚོགས་དེར་མགྲོན་འབོད་གནང་བའི་སྐུ་མགྲོན་ཆིག་སྟོང་བརྒལ་བ་ཕེབས་ཀྱི་ཡོད་པ་དང་དེའི་ནང་གསུང་བཤད་གནང་མཁན་ཁོངས་ཨ་རིའི་སྲིད་འཛིན་ཟུར་པ་སྦིལ་ཁི་ལིན་ཊེན་དང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་དེ་བཞིན་མའེ་ཁོ་རོ་སོཕཏི་ཀམ་པིའུ་ཊར་འཕྲུལ་རིགས་ཀྱི་འགན་འཛིན་སྦིལ་གེཏ་སི་གཙོས་གཞན་ཡང་ཚན་རིག་སོགས་ལས་རིགས་འདྲ་མིན་ནས་མི་སྣ་གྲགས་ཅན་མང་པོ་ཞིག་ཕེབས་ཏེ་གསུང་བཤད་གནང་རྒྱུ་ཡིན་པ་དང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ལྷན་ཚོགས་དེར་ཚོགས་ཞུགས་ཀྱིས་ཕྱི་ཚེས་བདུན་གྱི་ཉིིན་ལྷན་ཚོགས་ལ་གསུང་བཤད་གནང་གི་ཡོད་འདུག

རྒྱ་གར་གྱི་གསར་ཤོག་ཁག་ནང་གནས་ཚུལ་ཐོན་གསལ་ལ་གཞིགས་ན་ཀརྨ་རིན་པོ་ཆེ་མཆོག་ནས་ད་རེས་རྒྱ་གར་ལྷོ་ཕྱོགས་ལ་ཕེབས་རིང་༸གོང་ས་མཆོག་གི་བཀའ་འབྲེལ་ཉེ་དུས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ས་ཁུལ་ཁག་ཅིག་ལ་ཆུ་ལོག་གི་རྐྱེན་པས་མང་ཚོགས་ཆེས་མང་པོ་ཞིག་ལ་གོད་ཆགས་ཆེན་པོ་ཕོག་ཡོད་པར་གོད་ཆགས་ཕོག་པའི་མང་ཚོགས་རྣམས་ལ་དམིགས་ཏེ་སྨོན་ལམ་གསོལ་འདེབས་ཤིག་གི་ཐོག་ཏུའང་ཕེབས་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎