ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་ནང་བོད་དོན་གླེང་འདུག


2014.07.11
ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryདང་རྒྱ་ནག་གི་སྲིད་འཛིན་གཉིས། ༢༠༡༤།༧།༩ ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryདང་རྒྱ་ནག་གི་སྲིད་འཛིན་གཉིས། ༢༠༡༤།༧།༩
AFP

ཨ་མི་རི་ཀས་བོད་དོན་གླེང་ཞོར་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ལངས་ཕྱོགས་གསལ་པོ་བཟོས་ཡོད་འདུག
ཚེས༡༠ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerryམཆོག་གིས། རྒྱ་ནག་གི་རྒྱལ་དོན་སློབ་སྟོན་པ་ཡང་ཇའི་ཆི་ལྷན་དུ་བོད་ཀྱི་གནད་དོན་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་གླེང་སློང་གནང་ཡོད་པ་དང་། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག ཕྱི་སྲིད་དྲུང་ཆེ་མཆོག་གིས་ཡང་ཇའི་ཆི་ལྷན་དུ་ཤིན་ཅང་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་དང་བོད་ནང་གི་གནས་སྟངས་ཙམ་མ་ཟད། རྒྱ་ནག་གཞུང་གིས་བོད་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྲིད་བྱུས་འཛིན་སྟངས་ཐོག་གྲོས་བསྡུར་གནང་ཡོད་པ་རེད་ཅེས་གསུང་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ང་ཚོའི་སྲིད་བྱུས་འཛིན་སྟངས་ཏེ་གསལ་པོ་བཟོས་ཡོད་། ང་ཚོས་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་གསལ་པོ་བཟོས་ཡོད། རྒྱ་ནག་གི་ངོས་ནས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཚོའི་ཆོས་དང་རིག་གཞུང་ལ་གུས་བཀུར་དང་སྲུང་སྐྱོབ་བྱེད་དགོས། དེ་ཡང་བོད་དང་ཤིན་ཅང་ནང་གི་གནས་སྟངས་སྐོར་ནན་བརྗོད་གནང་ཡོད་པའི་སྐོར་གོང་ཞུས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་དེས་གསུང་འདུག ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerryམཆོག་དང་ནོར་སྲིད་དྲུང་ཆེ་སྐུ་ཞབས་Jack Lewརྣམ་གཉིས་ཁ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་དཔོན་རིགས་ལྷན་དུ་ཡུལ་གཉིས་ཀྱི་ལོ་རེའི་སྲུང་སྐྱོབ་ཀྱི་ཐབས་བྱུས་དང་། དཔལ་འབྱོར་གྱི་གྲོས་མོལ་ཞེས་པའི་གྲོས་མོལ་དེར་ཕེབས་ཡོད་པ་དང་དྲུང་ཆེ་Kerryམཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གཙོས་པའི་རྒྱ་ནག་གཞུང་གི་དཔོན་རིགས་རྣམས་དང་མཇལ་མོལ་གནང་ཡོད་པ་རེད།

 

གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎