ཁམས་ཡུལ་ཤུལ་ཉེན་རྟོག་པས་བུད་མེད་ཚོང་པ་ཞིག་འཛིན་བཟུང༌།
2012.09.08
༄༅༎གཟའ་ལྷག་པའི་ཉིན་ཁམས་ཡུལ་ཤུལ་ཉེན་རྟོག་པས། ཁུལ་དེའི་བོད་རིཊ་བུད་མེད་ཚོང་པ་བསོད་ཡག་ལཊ་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག
ང་ཚོས་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༥ ལྷག་དཀར་ཉིན་གྱི་དགོང་དྲོའི་ཆུ་ཚོད་༦ པ་ཙམ་ལ། ཁམས་ཡུལ་ཤུལ་ཁུལ་ས་གནས་ཉེན་རྟོག་པས་་རང་ལོ་༤༠ ཙམ་ཡིན་པའི་ཡུལ་ཤུལ་ཁུལ་གྱི་བོད་རིཊ་བུད་མེད་ཚོང་པ་བསོད་ཡག་ཞུ་བ་ཞིག་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། བོད་རིཊ་བུད་མེད་ཚོང་པ་བསོད་ཡག་ནི། ཁམས་ཡུལ་ཁུལ་དུ་སྐད་གྲཊ་ཆེ་བའི་ཚོང་པ་རྣམ་སྲས་ལྷ་སྐྱབས་ཀྱི་བུ་མོ་ཡིན་པ་དང་། ཁོ་མོ་ནི་ནམ་རྒྱུན་དུ་བོད་དོན་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་འདུག
ཉེ་ལམ་ནས་ཡུལ་ཤུལ་ཁུལ་གཡག་ཐང་ཆེན་དུ་གཟི་དང་བྱུ་རུ། དབྱར་རྩྭ་དགུན་འབུ་བཅས་ཀྱི་ཚོང་རྒྱག་མཁན་བོད་མི་སྐོར་ཞིག་གིས། ༸གོང་ས་མཆོག་གི་སྐུའི་བླ་གཟའ་ཉིན་བོད་ཆས་གྱོན་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། བདུན་ཕྲག་དེའི་གཟའ་ལྷག་པ་ཉིན་བོད་མི་ཁག་ཅིག་ཁྲོམ་གཞུང་དུ་བོད་ཆས་མ་གྱོན་པར་འགྲོ་སྐབས། ཚོང་པ་བསོད་ཡག་ལཊ་ཀྱིས་མི་དེ་ཚོར་བོད་ཆས་གྱོན་དགོས་པའི་ནན་སྐུལ་བྱས་སྟབས། ཉིན་དེའི་མཚན་མོར་ཉེན་རྟོག་པས་གཡག་ཐང་ནས་ཁོ་མོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག།