བྲག་དཀར་རྫོང་དུ་སློབ་ཕྲུག་བཙན་ཁྲིད་བྱེད་མཁན་འཛིན་བཟུང༌།

མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་སློབ་ཕྲུག་བཙན་ཁྲིད་བྱེད་མཁན་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ།

2012.09.15

༄༅༎མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་སློབ་ཕྲུག་བཙན་ཁྲིད་བྱེད་མཁན་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག
ཟླ་བ་འདིའི་ཕྱི་ཚེས་༡༠ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་ཐུ་ཞང་  དམེ་གླིང་སྡེ་བའི་སློབ་མ་གསུམ་ཇག་པས་བཙན་ཁྲིད་བྱས་ཡོད་པ་དང་། ཕྱི་ཚེས་༡༢ ཉིན་བཙན་ཁྲིད་པས་སློབ་མ་ཚོའི་ནང་དུ་ཁ་པར་གཏོང་བཅུག་ནས་སློབ་མ་རེར་རྒྱ་སྒོར་ཁྲི་ ༢༠ རེ་སྤྲོད་དགོས་ཚུལ་དང་། དེ་ལྟར་མ་བྱས་ཚེ་སློབ་མ་རྣམས་དམར་གསོད་གཏང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག
ཕྱི་ཚེས་ ༡༤ དགུང་མོར་ཉེན་རྟོག་པས་བྲག་དཀར་རྫོང་དང་ཆབ་ཆ་གཉིས་ཀྱི་ལམ་བར་ནས་ བཙན་ཁྲིད་བྱེད་མཁན་གཉིས་འཇུ་བཟུང་བྱས་ཡོད་པ་དང༌། བཙན་ཁྲིད་བྱེད་མཁན་ནི་ལོ་སུམ་ཅུ་སོ་གྲངས་ནང་ཡོད་པའི་བོད་མི་བཟའ་ཚང་གཉིས་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎