དྷ་སར་སློབ་ཕྲུག་ཚོས་རྔམ་སྟོན་ཁྲོམ་སྐོར།


2013.03.27
སྐལ་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་བྱིས་པ་བཞི་དྭ་ཕྲུག་ལྷག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད།
བོད་ཀྱི་བང་ཆེན།

༄༅༎ཉེ་ཆར་མདོ་སྨད་འཛམ་ཐང་ནས་སྐྱེད་མ་སྐལ་སྐྱིད་ཀྱིས་རྒྱ་གཞུང་ལ་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་པར་བརྟེན། ཁོང་གི་ཤུལ་དུ་བྱིས་པ་༤ དྭ་ཕྲུག་ལ་ལྷག་ཡོད་པ་རྣམས་ལ། དྷ་ས་ཉིན་མོ་སློབ་གྲྭའིོ་འཛིན་རིམ་༡ པོ་ནས་༥ པའི་བར་གྱི་སློབ་ཕྲུག་༡༥༠ ལྷག་གིས་དྷ་སར་གདུང་སེམས་མཉམ་བསྐྱེད་ཀྱི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་མདོ་སྨད་འཛམ་ཐང་ནས་སྐྱེད་མ་སྐལ་སྐྱིད་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་སྤེལ་ནས་སྐུ་གྲོངས་ཡོད་པ་དང་། ད་ལྟ་ཁོང་གི་ནང་དུ་བྱིས་པ་བཞི་དྭ་ཕྲུག་ལ་ལྷག་ཡོད་པར་བརྟེན། དེ་རིང་ཕྱི་ཚེས་༢༥ ཉིན་དྷ་སའི་ས་གནས་གཞོན་ནུ་དང་ས་གནས་བུད་མེད་གཉིས་ཀྱིས་གོ་སྒྲིག་འོག ཉིན་མོའི་སློབ་གྲྭའིོ་འཛིན་རིམ་༡ པོ་ནས་༥ པའི་བར་གྱི་སློབ་ཕྲུག་༡༥༠ ལྷག་གིས་བྱང་ཆུབ་སེམས་མཆོག་མ་སྐྱོར་བཞིན་ལག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་འདྲ་པར་བཟུང་སྟེ། དྷ་ས་མེག་གྷན་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་གྱིས་མཐར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་འཛོམས་ནས། སྐྱེད་མ་སྐལ་སྐྱིད་ལ་བཀའ་དྲིན་རྗེས་དྲན་དང་ཁོང་གི་ཤུལ་ལྷག་བྱིས་པ་ཚོར་གདོང་སེམས་མཉམ་བསྐྱེད་མཚོན་ཆེད། མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་གྲུབ་མཚམས་ཚད་མེད་ཡོན་ཏན་འུར་འདོན་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎