རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་གཞུང་ལ་འབོད་སྐུལ།

ཨ་རི་གཞུང་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་གླེང་སློང་ཤུགས་ཆེ་གནང་དགོས་པའི་སྐོར།

2011.04.07

༄༅༎ཨ་རི་གཞུང་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་གླེང་སློང་ཤུགས་ཆེ་གནང་དགོས་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ལས་དོན་དྲུང་ཆེ་ཀཏ་ཀེམ་སྦེལ་དེ་རིང་ཚེས་༧ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ རིང་མིན་རྒྱལ་ཁབ་གཉིས་དབར་ཆེས་མཐོའི་གྲོས་མོལ་ལྷན་ཚོགས་གོ་སྒྲིག་དང་འབྲེལ་བའི་གཞུང་དོན་ཕྱོགས་བསྐྱོད་དུ་ཕེབས་ཀྱི་ཡོད་པ་དང་ རྒྱལ་ས་ལྦ་ཤིང་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཞབས་ཀཏ་ཀེམ་སྦེལ་གྱིས་ད་རེས་རྒྱ་ནག་ནང་ཕྱོགས་བསྐྱོད་དེའི་སྐབས་ བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གཏམ་བཤད་ནན་པོ་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད་ ཕྱག་བྲིས་དེའི་ནང་ཉེ་བའི་འཆར་བོད་དང་རྒྱ་ནག་གཉིས་ཀྱི་ནང་རྩོམ་པ་པོ་དང་ སྒྱུ་རྩལ་མི་སྣ་ལ་སོགས་པའི་ཤེས་ལྡན་མི་སྣའི་ཁྲོད་ རྒྱ་ནག་གཞུང་གིས་དོ་དམ་འཛིན་བཟུང་བྱས་པ་དང་ གར་སོང་ཆ་མེད་དུ་འགྱུར་བ་བཅས་འགྲོ་བ་མིའི་ཐོབ་ཐང་སྤྱི་ཡོངས་ཆ་ནས་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ལུགས་གསལ་འདོན་གནང་པ་རེད་ འདི་ལྟ་བུའི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ཉེ་ལམ་ཕྱི་ཟླ་༣པའི་ནང་རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པ་ཞིག་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེག་བཏང་སྟེ་རྒྱལ་སྤྱིའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཁུར་བསྐྲུན་ཐབས་བྱེད་པ་སོགས་གསལ་འདོན་གནང་བཞག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཞབས་ཀེམ་སྦེལ་མཆོག་ལ་ཕུལ་བའི་ཕྱག་བྲིས་ཀྱི་ཞུ་དོན་གཙོ་བོར་ རིང་མིན་ཨ་རི་དང་རྒྱ་ནག་གཉིས་དབར་ཐབས་བྱུས་དང་དཔལ་འབྱོར་སྐོར་གྱི་ཆེས་མཐོའི་གྲོས་མོལ་ལྷན་ཚོགས་སྐབས་ ཨ་རི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་ རྒྱལ་ཁབ་གཉིས་དབར་གྲོས་མོལ་གྱི་གནད་དོན་གལ་ཆེར་ངོས་འཛིན་གནང་དགོས་པའི་ཐོག་གྲོས་མོལ་གྱི་མཛད་རིམ་ཁོངས་སུ་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎