མཚོ་སྔོན་ཕྱོཊ་སུ་ཆུ་ལོག་གི་གོད་ཆག་དང་མི་བཞི་འཇུ་བཟུང་བྱས་བ།
2016.07.14
མཚོ་སྔོན་ཕྱོགས་སུ་ཉེ་ཆར་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་མདོ་ལ་རྗོང་གི་ཁ་ཆེ་བ་མི་བཞི་འཛིན་བཟུང་བྱས་ཡོད་འདུག
ཉེ་ལམ་ཕྱི་ཟླ་འདིའི་ཚེས་༩དང་༡༠་ཡས་མས་སུ། དེང་སྐབས་བོད་ནང་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་རྗོང་ཁག་ཁག་གཅིག་ནང་ཆར་ཞོད་ཆེ་བའི་རྐྱེན་ཆུ་ལོག་དང་ས་རུད་ཀྱིས་གཞུང་ལམ་འགག་པ་དང་། ཟམ་པ་ཆུས་ཁྱེར་བ་སོགས་ཀྱི་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་ཅིང་། ཚེས་༡༠་ཉིན། མཚོ་སྔོན་མང་ར་རྫོང་དུ་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ཕྱུགས་ཟོག་ཧ་ཅང་མང་པོ་ཤི་ཡོད་པ་རེད།
ཚེས་༡༡་ཉིན་བྲག་དཀར་སྤྲེལ་རྫོང་དུ་ཆུ་ལོག་དང་། ས་རུད་བྱུང་བའི་ཁྲོད་ས་གནས་འབྲོག་པའི་སྒོ་ཕྱུགས་སེམས་ཅན་༤༠་ཙམ་ཤི་ཡོད་པ་རེད།
འདི་གའི་བལ་ཡུལ་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ས་གནས་མཚོ་ལྷོ་ཁུལ་དང་། མང་ཚོགས། སྲིད་གཞུང་བཅས་ཀྱིས་ཆུ་ལོག་གི་གནོད་སྐྱོན་སྔོན་འགོག་དང་། མང་ཚོགས་ཀྱི་བདེ་འཇགས་ལ་རོགས་སྐྱོབ་ཆེད་གནོད་འཚེ་ཕོག་པའི་མི་གྲངས་མང་པོ་རྗོང་སྨན་ཁང་དུ་དབོར་འདྲེན་གྱི་མྱུར་སྐྱོབ་བྱས་ཡོད་འདུག
དེ་བཞིན་མདོ་ལ་རྗོང་དུ་ཡང་ཆུ་ལོག་གི་གནོད་འཚེ་བྱུང་ཡོད་པ་དང་། ཆུ་ལོག་རྐྱེན་པས་སྡོད་ཁང་ཐོར་བཤིག་སོང་བའི་རྗེས་ཁ་ཆེ་བ་མང་ཚོགས་ཁག་གཅིག་གིས་རྗོང་སྲིད་གཞུང་གི་འགོ་ཁྲིད་ལ་མྱུར་སྐྱོབ་དགོས་པའི་དགོས་འདུན་དང་། བསམ་འཆར་བཏོན་སྐབས་ཁ་ཆེ་བ་བཞི་འཛིན་བཟུང་བྱས་ཡོད་འདུག
མཚོ་སྔོན་མཚོ་བྱང་ཁུལ་མདོ་ལ་རྫོང་ལ་ཁ་ཆེ་བ་མང་པོ་ཡང་གནས་སྡོད་བྱེད་བཞིན་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།