ཡོ་རོབ་ནང་བསམ་ཡུལ་ལས་འདས་བའི་དཀའ་ངལ་འཕྲད་སྲིད་པ།


2014.07.08
རྒྱ་ནག་གི་སྲིད་བློན་དབྱིན་ཡུལ་དུ་འབྱོར་སྐབས་ངོ་རྒོལ་བྱེད་བཞིན་པ་དང་རྒྱ་མི་ཞིག་གིས་བོད་ཀྱི་རྒྱལ་དར་ལ་འཛུབ་མོ་འཛུགས་བཞིན་པ། ༢༠༡༤།༦།༡༨ རྒྱ་ནག་གི་སྲིད་བློན་དབྱིན་ཡུལ་དུ་འབྱོར་སྐབས་ངོ་རྒོལ་བྱེད་བཞིན་པ་དང་རྒྱ་མི་ཞིག་གིས་བོད་ཀྱི་རྒྱལ་དར་ལ་འཛུབ་མོ་འཛུགས་བཞིན་པ། ༢༠༡༤།༦།༡༨
དྲ་བཤུས

བོད་མི་ཚོ་ཡོ་རོབ་ནང་སྐྱབས་བཅོལ་མ་འབྱོར་སྔོན་ནས་བསམ་བློ་ཡག་པོ་གཏོང་རྒྱུ་གལ་ཆེ་བ་ཡིན་ནན་བསྒྲགས་བྱས་འདུག
དེ་ཡང་ཡོ་རོབ་བོད་མི་དམངས་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་གཉིས་ཀྱིས། ཡོ་རོབ་རྒྱལ་ཁབ་ཁག་ཅིག་གི་ཁྲིམས་ལུགས་ལ་འགྱུར་བ་ཕྱིན་པའི་རྐྱེན་གྱིས་བོད་མི་ཡོ་རོབ་ཁུལ་དུ་སྐྱབས་བཅོལ་དུ་མ་ཡོང་སྔོན་ལ་སྐྱབས་བཅོལ་དུ་བསྐྱོད་ཡུལ་རྒྱལ་ཁབ་དེའི་ཁྲིམས་ལུགས་ཀྱི་གནས་སྟངས་ཤེས་རྟོགས་བྱ་དགོས་པ་ནི་དཀའ་ངལ་མི་འཕྲད་རྒྱུའི་དགེ་མཚན་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
དེ་ཡང་ཁོང་གཉིས་ཀྱི་ཕྱི་ཟླ་བདུན་པའི་ཚེས་༥ ཉིན་སྤེལ་བའི་གསལ་བསྒྲགས་ནང་དུ། སུད་སི་ཁྲིམས་ཁང་ནས་བོད་མི་སྐྱབས་བཅོལ་ཞུ་མཁན་ཐོག་ལ་ཁྲིམས་ལུགས་གསར་པ་ཐག་གཅོད་གནང་བ་དེ་ཡིས་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོར་དཀའ་ངལ་ཆེ་རུ་ཕྱིན་ཡོད་པ་དང་། དེ་ནི་༢༠༡༤ ལོའི་ཕྱི་ཟླ་ལྔ་པའི་ཚེས་༢༠ ཉིན་བོད་མི་སྐྱབས་བཅོལ་ཞུ་མཁན་ཞིག་ལ་ལག་འཁྱེར་དང། སྐད་གདངས་དང་སྐད་ཆ་ཤོད་སྟངས་སོགས་ལ་ཞིབ་འཇུག་གནང་བའི་སྐབས་བོད་ནང་དུ་སྐྱེས་པ་དང་འཚར་ལོངས་བྱུང་བའི་མངོན་རྟགགས་གང་ཡང་མེད་པར་། བོད་ཀྱི་ཕྱི་ཕྱོགས་ལ་འཚར་ལོངས་བྱུང་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན་ནས་བོད་མི་དེར་ཁྲིམས་ཁང་ནས་སུད་སིར་ཁྲིམས་མཐུན་གྱི་གནས་སྡོད་ཐོབ་ཐང་སྤྲོད་རྒྱུ་མིན་པའི་ཐག་གཅོད་གནང་བའི་གནས་ལུགས་དང། དེ་བཞིན་སྦེལ་ཇེམ་ནང་དུའང་༢༠༡༤ ལོ་འགོ་ནས་བཟུང་རྒྱ་གར་ནས་སྦེལ་ཇེམ་དུ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་རྣམས་ནི། རྒྱ་གར་གཞུང་གིས་རྒྱ་གར་ནང་དུ་གནས་སྡོད་ཆོག་པའི་ལག་འཁྱེར་ཐོབ་ཐང་སྤྲད་ཡོད་པའི་ཁར་། རྒྱ་གར་དུ་གནས་སྡོད་བོད་མི་རྣམས་རྒྱ་ནག་དང་བོད་ལ་ཕྱིར་ལོག་གཏོང་གི་མེད་པར་ངོས་འཛིན་གནང་སྟེ། ད་ཆ་སུད་སི་དང་སྦེལ་ཇམ་ནང་དུ་བོད་མིར་སྐྱབས་བཅོལ་ཐོབ་ཐང་ཐོབ་རྒྱུ་མེད་པའི་ཐོག་ལ་གནས་སྡོད་ཆོག་པའི་སྔོན་འགྲོའི་ཡིག་ཆ་ཡང་མི་ཐོབ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་མ་ཟད། ཁོང་ཚོ་ནི་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་མིའི་ཁོངས་སུ་བཅུག་ནས་སྐྱབས་བཅོལ་གྱི་སྡོད་ཁང་ནས་ཕྱིར་འབུད་བྱེད་པ་སོགས་སྐྱོབ་གསོའི་ཐོབ་ཐང་གང་ཡང་མེད་པ་དང། ལས་ཀ་འཚོལ་རྒྱུའི་ཐོབ་ཐང་མེད་པར་བརྟེན་འཚོ་ཐབས་ཡར་རྒྱས་གཏོང་ཡུལ་མེད་པར་གྱུར་ནས། མི་ཚེའི་མདུན་ལམ་མེད་པར་ལུས་པའི་ཉེན་ཁ་ཡོད་པ་ནི། ད་བར་སྐྱབས་བཅོལ་སྙན་ཞུ་༡༩༦ ཞུས་པ་ནས་༤༠ ཐམ་པར་ཐག་གཅོད་དེ་ལྟར་བྱུང་ཡོད་པར་བརྟེན་ནས་རྒྱ་གར་སོགས་ནས་སྐྱབས་བཅོལ་ཞུ་བར་ཡོང་རྒྱུར་སྔོན་ལ་སྐྱབས་བཅོལ་ཞུ་ཡུལ་རྒྱལ་ཁབ་དེའི་ནང་གི་སྐྱབས་བཅོལ་བའི་ཁྲིམས་ལུགས་ཡག་པོ་ཞིག་ཤེས་རྟོགས་ཐུབ་པ་བྱས་ཏེ་སྐྱབས་བཅོལ་དུ་འགྲོ་དགོས་མིན་ཐག་གཅོད་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།གནས་ཚུལ་དེའི་ཐད་ཞིབ་ཕྲ་འདི་གའི་ལས་བྱེད་རྡོ་རྗེ་དགྲ་འདུལ་གྱིས་བོད་མི་མང་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་སུ་བཅར་འདྲི་བྱས་བར་གསན་རོགས

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎