རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ལྷན་ཚོགས་ཐེངས་བཞི་པ།

ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་༢༠༡༢ལོའི་འཛམ་གླིང་ན་ཆུང་དབུ་ཁྲིད་༣༠ཁྲོད་བདམས་ཐོན་བྱུང་འདུག

2012.04.09

༄༅༎ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོའི་སྲས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས། ༢༠༡༢ ལོའི་འཛམ་གླིང་ན་ཆུང་དབུ་ཁྲིད་༣༠ཁྲོད་བདམས་ཐོན་བྱུང་སྟེ། རྒྱལ་ཁབ་ ༡༤ ནས་ན་གཞོན་ ༣༠ ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་མགྲོན་འབོད་ཀྱིས་བདུན་གཅིག་རིང་ལྷན་ཚོགས་ཟབ་སྦྱོང་ཁྲོད་ཞུགས་འདུག
ཕྱི་ཟླ་ ༣ ཚེས་ ༢༤ ནས་ ༣༠ བར་ཉིན་དྲུག་རིང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གོ་ལ་ཁྱིམ་ཚང་གཅིག་གྱུར་ཚོགས་པའི་ (Global Family Foundation) གོ་སྒྲིག་འོག་རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་(Global Teen Leaders) ལྷན་ཚོགས་ཐེངས་ ༤ དེ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཚོགས་ཡོད་པ་དང་། ལས་རིགས་འདྲ་མིན་ཐོག་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཆེད་ལས་པ་དང་དབུ་ཁྲིད་མི་སྣ་གདན་ཞུས་ཀྱིས་མ་འོངས་པའི་སྤྱི་ཚོགས་ནང་རེ་བ་ཡོད་པའི་ན་ཆུང་ཚོར་སྤྱི་ཚོགས་ཀྱི་བདེ་དོན་འདྲ་མིན་ཐོག་བགྲོ་གླེང་དང་། སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཤུགས་གོང་མཐོར་གཏོང་ཐབས་སྐོར་ལ་ཟབ་སྦྱོང་གནང་འདུག།
རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ཀྱི་ལས་གཞི་འདི་ ༢༠༠༨ ལོ་ནས་འགོ་ཚུགས་ཡོད་པ་དང་། དེ་ནི་འཛམ་གླིང་ཞི་བདེ་དང་གོ་ལ་ཁྱིམ་ཚང་གཅིག་གྱུར་བཅས་ཀྱི་དམིགས་ཡུལ་འོག་ལོ་ ༡༣ ནས་ ༡༩ བར་ན་ཆུང་ཚོའི་ཁྲོད་ནས། ལོ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནང་རེ་བ་དང་ཤུགས་རྐྱེན་ཡོད་པ་ཁག་ཅིག་འཛམ་གླིང་ན་ཆུང་དབུ་ཁྲིད་ལ་འདེམས་སྒྲུག་གནང་སྟེ། མ་འོངས་པའི་འཛམ་གླིང་དབུ་ཁྲིད་གསར་པར་སྐྱེད་བསྲིང་གནང་གི་ཡོད་པ་ལྟར། ༢༠༡༢ ལོའི་རྒྱལ་ཁབ་ ༡༤ ནང་འཛམ་གླིང་ན་ཆུང་དབུ་ཁྲིད་གྲངས་༣༠འདེམས་ཐོན་བྱུང་པའི་ཁྲོད། གུང་ལོ་ ༡༩ ཡིན་པའི་བོད་བཙན་པོའི་གདུང་རབས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་བདམས་ཐོན་བྱུང་ཡོད་པ་དང་། ཁོང་ནི་བོད་རིགས་ན་ཆུང་ཞིག་རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ཁྲོད་བདམས་ཐོན་བྱུང་བ་ཐོག་མ་དེ་ཆགས་ཡོད་པ་རེད།
 ཁོང་གིས་ “ལྷན་ཚོགས་ཀྱི་གོ་སྐབས་གང་ཡོད་ལ་བོད་ཀྱི་གནས་སྟངས་དང་། ༧གོང་ས་མཆོག་གི་དགོངས་གཞི། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་སོགས་ངོ་སྤྲོད་གནང་ཡོད་པ་རེད།ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་ནི་བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་ལགས་ཀྱི་སྲས་ཡིན་པ་དང༌།  ༢༠༠༤ ལོར་༧གོང་ས་མཆོག་གིས་ཁྲི་འདོན་གནང་ཡོད་པ་དང་། ད་ལྟ་ཨ་རིའི་སན་ཨན་ཌི་རེབ་ (St.Andrew's school) སློབ་གྲྭར་སློབ་གཉེར་གནང་བཞིན་ཡོད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎