ས་ག་ཟླ་བའི་ཚེས་༡༥ཉིན་ལྷ་སའི་ནང་སྔར་ལྷག་དམ་དྲག་བྱས་འདུག


2020.06.06
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༥ ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༥
བོད་འབྱོར།

བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིའི་ཐོག་རྒྱ་མིའི་བདེ་འཇགས་མི་སྣས་དེ་བས་དམ་དྲག་ཆེ་བ་བྱས་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་།

ཁ་ས་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་མཆོད་མཇལ་ཞུ་ས་དང་སྐོར་ལམ་ཁག་ཏུ་རྒྱ་མིའི་ས་གནས་ཉེན་རྟོག་མི་སྣ་དང་དྲག་ཆས་དམག་མི། དེ་བཞིན་སྒྲིག་ཆས་མ་གྱོན་པའི་གསང་བའི་ཉེན་རྟོག་མི་སྣ་སོགས་ས་གནས་གང་སར་འགྲེམས་འཇོག་བྱས་ནས་ས་གནས་མི་དམངས་མཆོད་མཇལ་དང་སྐོར་རར་ཕེབས་མཁན་ཚོའི་ལག་ཁྱེར་ཁ་པར་རེ་རེ་བཞིན་བརྟག་དཔྱད་བྱས་ནས་མི་ཚང་མ་དངངས་སྐྲག་སྐྱེས་དགོས་པ་ཞིག་འདུག་ཅེས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཚན་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་ངོ་སྤྲོད་གནང་གི་འདུག

ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཚན་འདོན་གནང་འདོད་མེད་པའི་བོད་མི་གཞན་ཞིག་གིས་རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཐོན་ནས་ཟླ་བ་ཁ་ཤས་རིང་ནད་ཡམས་སྔོན་འགོག་ཆེད་ལྷ་སའི་ནང་ཡོད་པའི་དགོན་སྡེ་ཁག་སྒོ་བརྒྱབ་ནས་མི་དམངས་མཆོད་མཇལ་དུ་བཏང་མེད་པ་རེད།  ཡིན་ནའི་བདུན་ཕྲག་འགའ་ཤས་ཀྱི་སྔོན་དུ་ལྷ་སའི་ནང་མཆོད་མཇལ་ཁག་མི་དམངས་ལ་སྒོ་ཕྱེ་ཡོད་པ་མ་ཟད་ཉིན་གསུམ་ཙམ་སྔོན་དུ་ཕོ་བྲང་པོ་ཏ་ལར་མཆོད་མཇལ་ཞུ་རྒྱུ་སྒོ་ཕྱེ་ཡོད་པ་དང་། ཉིན་རེར་མཆོད་མཇལ་དུ་ཕེབས་མཁན་ཡུལ་སྐོར་སྤྲོ་འཆམ་པ་གཙོ་བོར་གྱུར་བའི་མི་དམངས་སྟོང་ཕྲག་འགའ་ཤས་གཏོང་གི་ཡོད་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བྱུང་།

རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་བོད་ནང་ཆོས་དད་རང་དབང་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ནའང་དོན་དངོས་སུ་བོད་ཀྱི་ནང་པའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་ཕྱོགས་གང་ས་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎