ག་ད་ཕིའི་ཕྱོགས་གཏོགས་ཀྱིས་མུ་མཐུད་གཏོར་རྒོལ་གཏོང་བ།

ལི་བི་ཡའི་ནང་ག་ད་ཕིའི་ཕྱོགས་གཏོགས་དམག་དཔུང་གིས་ཕྱོགས་འགལ་ཚོགས་པས་སྟངས་འཛིན་བྱེད་བཞིན་པའི་ས་གནས་ནང་བཙན་འཛུལ།

2011.03.19

༄༅༎ལི་བི་ཡའི་གཞུང་གིས་དམག་མཚམས་འཇོག་རྒྱུ་ཁས་ལེན་བྱས་ཡོད་ན་ཡང་ལི་བི་ཡའི་དབང་འཛིན་པ་མུཨ་མར་ག་རྡ་ཕི་ཡིས་ཕྱོགས་གཏོགས་དམག་དཔུང་གིས་ས་གནས་ཀྱི་ཕྱི་ཚེས་༡༩སྔ་དྲོ་ཕྱོགས་གལ་ཚོགས་པས་སྟངས་འཛིན་བྱེད་བཞིན་པའི་སྦེན་ག་ཛི་ས་གནས་ནང་བཙན་འཛུལ་བྱས་ཡོད་པ་དང་ ལི་བི་ཡའི་ཕྱོགས་གལ་གྱེན་ལོག་ཚོགས་པའི་མགྲིན་ཚབ་པས་ཁོང་ཚོར་ཁ་ད་ཕིའི་ཕྱོགས་གཏོགས་དམག་དཔུང་གི་གཏོར་རྒོལ་ཕོག་ནས་ག་ད་ཕིའི་ཡི་དམག་དཔུང་ས་གནས་དེའི་ནང་འཛུལ་བའི་སྐོར་རོས་ཁྲར་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་པ་དང་ ཡིན་ནའི་ལི་བི་ཡ་གཞུང་གིས་དེ་ནི་བདེན་པ་མིན་ལུགས་བརྗོད་ནས་ཁས་ལེན་བྱས་མེད་པ་རེད། ཨིན་ཇི་དང་། ཨ་རི།

ཕ་རན་སི། ཨ་རབ་མཉམ་འབྲེལ་ཡུལ་གྲུ་སོགས་ཀྱིས་ལི་བི་ཡའི་གནས་སྟངས་སྐོར་ཕ་རན་སིའི་རྒྱལ་ས་པེ་རེ་སིར་ལྷན་ཚོགས་ཚུགས་གནང་ཏེ་  ཡུལ་དེའི་ཐོག་དམག་དོན་གྱི་བཀག་འགོག་བྱ་རྒྱུའི་སྐོར་ལ་བཀའ་བསྡུར་གནང་བཞིན་པ་དང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྱང་ལི་བི་ཡའི་ཐོག་མཁའ་ཐོག་གནམ་གྲུ་བཀག་སྡོམ་གྱི་གྲོས་ཆོད་འཇོག་ཡོད་པ་རེད། གྲོས་ཆོད་དེའི་ནང་ཐབས་ལམ་གང་འདྲ་ཞིག་འཛིན་དགོས་ཀྱང་ལི་བི་ཡའི་མི་མང་ལ་སྲུང་སྐྱོབས་བྱ་རྒྱུའི་འདུན་པ་བཏོན་གནང་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་གྱིས་ཀྱང་ལི་བི་ཡའི་གནད་དོན་ཐོག་འཛམ་གླིང་ཡུལ་གྲུ་ཚང་མས་སྐད་སྒྲ་གཅིག་འཚུངས་སྒྲོག་དགོས་པ་ནན་བརྗོད་གནང་ཡོད་པ་དང་ དེའི་གོང་ཙམ་དུ་ཨ་རིའི་སྲིད་འཛིན་སྦ་རག་ཨོ་བ་མ་མཆོག་གིས་ཀྱང་ག་ད་ཕིའི་ཡི་ཕྱོགས་གཏོགས་དམག་དཔུང་གིས་ཕྱོགས་འགལ་ཚོགས་པའི་སྟངས་འཛིན་ས་ཁུལ་དུ་གཏོར་རྒོལ་གཏོང་རྒྱུ་འཚམས་འཇོག་དགོས་པ་དང་དེ་ལྟར་མ་བྱས་ཚེ་དྲག་པོའི་རྡུང་འདེགས་ཕོག་སྲིད་པའི་ཉེན་རྡ་བཏང་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎