ཨ་རི་དང་ཡོ་རོབ་ཀྱིས་ལི་བི་ཡ་ལ་རྒོལ་རྡུང་བཏང་བ།

ཨ་མི་རི་ཀ་དང་ཡོ་རོབ་རྒྱལ་ཁབ་ཐོུང་གིས་ལི་བི་ཡ་གཞུང་གི་དྲག་པོའི་དམག་དཔུང་ཐོག་གནམ་ཐོག་ནས་རྒོལ་རྡུང་བཏང་ཡོད་པ་རེད།

2011.03.20

༄༅༎ཨ་མི་རི་ཀ་དང་ཡོ་རོབ་རྒྱལ་ཁབ་ཐོུང་གིས་ལི་བི་ཡ་གཞུང་གི་དྲག་པོའི་དམག་དཔུང་ཐོག་གནམ་ཐོག་ནས་རྒོལ་རྡུང་བཏང་བ་དེ་ནི། དེ་སྔོན་ཨ་རིའི་སྲིད་འཛིན་སྦུཤ་ཡི་སྲིད་གཞུང་སྐབས། ༢༠༠༣ལོར་ཨི་རག་ནང་ཨ་རིས་སྣེ་ཁྲིད་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་དཔུང་བཅུག་བྱས་པའི་རྗེས། ཨ་རབ་ཡུལ་གྲུའི་ནང་ནུབ་ཕྱོགས་པའི་དམག་དཔུང་གིས་གཞི་རྒྱ་ཆེ་བའི་རྒོལ་རྡུང་བཏང་བ་ཐེངས་དང་པོ་ཡིན་པ་རེད།

དེ་ཡང་ཨ་རབ་ཀྱི་ཡུལ་གྲུ་ལི་བི་ཡ་མི་དམངས་ཀྱིས་མི་ལོ་བཅུ་ཕྲག་མང་པོའི་རིང་དབང་བསྒྱུར་བྱེད་མཁན་མུཨ་མར་ག་རྡ་ཕི་ཡི་སྲིད་དབང་རྩིས་སྤྲོད་བྱ་དགོས་པའི་རྔམ་སྟོན་ངོ་རྒོལ་བྱེད་པ་དེར། ག་རྡི་ཕི་ཡི་དམག་དཔུང་གིས་ཞི་བའི་མི་དམངས་ཐོག་དྲག་གནོན་ཚབས་ཆེ་བྱས་པར་བརྟེན། རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀ་དང་དབྱིན་ཇི། ཕེ་རན་སི་མཉམ་འབྲེལ་གྱིས་ལི་བི་ཡ་དམག་དཔུང་ཐོག་གནམ་ཐོག་ནས་རྒོལ་རྡུང་བཏང་སྟེ། ག་རྡ་ཕི་ཡི་དམག་དཔུང་གིས་ཞི་བའི་མི་སེར་ཐོག་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ཀྱི་བྱ་ཐབས་ལག་བསྟར་གནང་ཡོད་པ་རེད། དེ་རིང་རེས་གཟའ་ཉི་མའི་ཉིན་ལི་བི་ཡ་གཞུང་གི་བརྙན་འཕྲིན་ཐོག། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་ཕྱོགས་དམག་དཔུང་གིས་གཏོར་རྒོལ་ནང༌། ཁྱོན་མི་༤༨རྐྱེན་ལམ་དུ་ཕྱིན་པ་དང༌། མི་༡༥༠རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་རྒྱང་བསྲིང་བྱས་ཡོད་ཅིང༌། དེ་རིང་ཨ་མི་རི་ཀའི་སི་སྦི་ཨེསི་CBSགསར་འགྱུར་ལས་ཁང་གི་དྲ་རྒྱའི་ཐོག་ལ། ཨ་མི་རི་ཀའི་གནམ་དམག་གསུམ་གྱིས་ལི་བི་ཡའི་གནམ་ཐང་གཙོ་བོ་གསུམ་ཐོག་འབར་རྫས་༤༠གཡུག་སྟེ་གཏོར་སྐྱོན་བཏང་བའི་གནས་ཚུལ་བཀོད་ཡོད་པ་རེད། རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། ཕེ་རན་སི་གནམ་དམག་གིས།་རེས་གཟའ་སྤེན་པའི་ཉིན་ཐོག་མར་ལི་བི་ཡའི་དམག་དཔུང་ཐོག་རྒོལ་རྡུང་གཏོར་རྒྱུ་འགོ་བཙུགས་ཏེ། ག་རྡ་ཕི་ཡི་དམག་དཔུང་གིས་ཞི་བའི་མི་སེར་ཐོག་མེ་འཕེན་དང་རྒོལ་རྡུང་གི་བྱ་སྤྱོད་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་བ་དང༌། དེ་རྗེས་ཚོུད་འགའ་ཤས་ནས། ཨ་རི་དང་དབྱིན་ཇིའི་གནམ་དམག་དང་དམག་དཔུང་གིས། ལི་བི་ཡའི་རྒྱལ་ས་ཏྲི་པོ་ལི་དང་ནུབ་ཕྱོགས་མིསི་ར་ཊེ་ས་ཁུལ་གཉིས་ནང་དུ་ཡོད་པའི་ག་རྡ་ཕི་ཡི་གནམ་དམག་རྟེན་གཞི་ཁག་ཏུ་གཏོར་རྒོལ་བཏང་ཡོད་པ་མ་ཟད། ཨ་རིའི་དམག་དོན་དཔོན་རིགས་ནས་གསུངས་ན། ཁོང་ཚོ་ཨ་རིའི་དམག་དཔུང་དང༌། གནམ་དམག་གིས། ག་རྡ་ཕི་ཡི་དམག་དཔུང་ཐོག་རྒོལ་རྡུང་གཏོང་རྒྱུར་དབྱིན་ཇི་དང༌། ཕེ་རན་སི། ཁེ་ན་ཌ། ཨི་ཊ་ལི་བཅས་དང་ལས་དོན་མཉམ་རུབ་བྱེད་ཀྱི་ཡོད་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎