བོད་ནང་གངས་བབས་རྗེས་འགྲུལ་འཁོར་བསྐྱར་དུ་འགྲོ་འགོ་ཚུཌ།

བོད་རང་སྐྱོང་ལྗོངས་དང་ཤིན་ཅང་རང་སྐྱོང་དབར་འབྲེལ་མཐུད་བྱེད་མཁན་གཞུང་ལམ་ཐོག་ད་ཆ་འགྲུལ་འཁོར་བསྐྱར་དུ་འགྲོ་རྒྱུག་འགོ་ཚུགས།

2011.02.21

༄༅༎གངས་ཆེན་པོ་བབས་ནས་ཉིན་ཤས་རིང་འགྲོ་ལམ་འགག་པའི་བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་རང་སྐྱོང་མངའ་ཁུལ་གཉིས་དབར་འབྲེལ་མཐུད་བྱེད་མཁན་གཞུང་ལམ་ཐོག་ད་ཆ་འགྲུལ་འཁོར་བསྐྱར་དུ་འགྲོ་རྒྱུག་བྱེད་འགོ་ཚུགས་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།

གསར་འགོད་པ་ཊོམ་ཕེ་རོན་གྱིས་ བོད་ནང་གངས་ཆེན་པོ་བབ་ཡུལ་ ཡ་དོང་རྫོང་གི་ ཕག་རི་ས་ཁུལ་ནང་ས་གནས་བོད་མི་ཚོས་གངས་ཀྱི་དཀའ་ངལ་ལ་གདོང་ལེན་བྱས་ནས་ཉིན་རེའི་འཚོ་བ་རྒྱུན་ལྡན་བཞིན་བསྐྱེལ་ཐབས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག། གཞུང་ལམ་འགའ་ཤས་ཐོག་གངས་མི་ཊར་གཅིག་ཙམ་བབས་ཡོད་ནའང༌། ཕག་རི་གྲོང་མཚོའི་མི་མང་གིས་སྔར་རྒྱུན་བཞིན་ཉིན་རེའི་འཚོ་བ་བསྐྱེལ་བཞིན་ཡོད་པ་རེད། ཐོག་མར་ཉིན་འགའ་ཤས་རིང་འགྲོ་ལམ་ཁ་བས་འགག་ཡོད་ནའང༌། ད་ཆ་ལམ་གཞུང་ཐོག་འགྲུལ་འཁོར་འགྲོ་འགོ་ཚུགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎