རྒྱ་གར་གཞུང་དང་སོག་ཡུལ་དགའ་ལྡན་དགོན་པ་ཐུན་མོང་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་དུ་གདན་ཞུས་གནང་འདུག

2022.10.09
རྒྱ་གར་གཞུང་དང་སོག་ཡུལ་དགའ་ལྡན་དགོན་པ་ཐུན་མོང་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་དུ་གདན་ཞུས་གནང་འདུག ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ལྷན་དུ་རྒྱ་གར་གྱི་སོག་ཡུལ་གཞུང་ཚབ་ཆེན་མོ་དང་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་ནོ་མན་ཁྭན། ༢༠༢༢།༡༠།༠༩
Ling Rinpoche

འདི་ཚེས་༩ཉིན་རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་ལས་ཁུངས་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས། དེ་བཞིན་སོག་ཡུལ་དུ་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པ་བཅས་ཐུན་མོང་གིས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས། རྒྱ་གར་གཞུང་གི་ངོས་ནས་འགྲོ་གྲོན་བཏང་སྟེ་སོག་ཡིག་ཏུ་ཕབ་སྒྱུར་གནང་བའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་༡༠༨ཆ་ཚང་དཔར་སྐྲུན་གྱིས་སོག་ཡུལ་མི་མང་ལ་ཕྱག་རྟགས་འབུལ་རྒྱུའི་མཛད་སྒོ་ཚོགས་འདུག

དེ་ཡང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ད་རེས་རྒྱ་གར་གཞུང་དང་སོག་ཡུལ་དགའ་ལྡན་དགོན་པ་ཐུན་མོང་གིས་གོང་ཞུས་མཛད་སྒོའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གདན་ཞུས་གནང་བར་རིན་པོ་ཆེ་མཆོག་ཐུགས་དགྱེས་ཚོར་ཆེན་པོའི་ངང་ཞལ་བཞེས་གནང་བ་ཞིག་ཡིན་པ་བཀོད་འདུག་མ་ཟད། བཀའ་འགྱུར་པོ་ཏི་༡༠༨ཆ་ཚང་ཚར་༥༠ཐམ་པ་རེ་དཔར་སྐྲུན་གྱིས་སོག་ཡུལ་རྒྱལ་ཡོངས་སུ་ཆགས་པའི་གལ་ཆེའི་དགོན་པ་དང་། ཚོགས་སྡེ་ཁག་དང་དཔེ་མཛོད་བཅས་ལ་འགྲེམས་འབུལ་ཞུ་རྒྱུ་ཡིན་འདུག

309979226_634017718085498_8919752373302824698_n.jpg

གཞན་ཡང་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་མུ་མཐུད་ངོ་སྤྲོད་གནང་བའི་ནང་། སོག་ཡིག་ནང་ཡོད་པའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་དེ་བཞིན་བོད་ཡིག་ནས་སོག་ཡུལ་དུ་བསྒྱུར་ཡོད་ཅིང་། སོག་ཡུལ་གྱི་ལུགས་སྲོལ་ལྟར་བཀའ་འགྱུར་ཆ་ཚང་རེ་སོག་ཡུལ་གྱི་དགོན་སྡེ་ཚང་མའི་ནང་རྟེན་དུ་བཞུགས་ཡོད་ཀྱང་། སོག་ཡུལ་དམར་ཤོག་གིས་དབང་སྒྱུར་སྐབས་བཀའ་འགྱུར་སོགས་ཀྱི་ཤིང་པར་རྣམས་མེར་བསྲེགས་དང་རྩ་ཆེའི་དཔེ་ཆ་ཡོངས་རྫོགས་དགོན་པ་ནས་རྩ་མེད་བཏང་ཡོད་འདུག
རྒྱ་གར་གྱི་སྲིད་བློན་མི་དྷི་མཆོག་གི་ཐུགས་འདུན་དང་ལམ་སྟོན་འོག རྒྱ་གར་དབུས་གཞུང་རིག་གཞུང་ལས་ཁུངས་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཐུན་མོང་ནས་ཐུགས་འགན་བཞེས་ཏེ་སོག་ཡིག་གི་བཀའ་འགྱུར་པ་ཏི་༡༠༨ཆ་ཚང་ཕྲ་གཟུགས་སྦྱིན་ཤོག་ལས་བསྐྱར་དུ་དཔར་སྐྲུན་ཞུས་ཏེ། བཀའ་འགྱུར་པར་ཕུད་ཐོག་མ་དེ་ཕྱི་ལོ་༢༠༢༠ལོར་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་ཕུལ་ཡོད་འདུག

འདིལོའི་ཕྱི་ཟླ་༦ཚེས་༡༤ཉིན་ཏེ་ས་ག་ཟླ་བའི་ཚེས་པ་༡༥ཉིན་དང་བསྟུན་རྒྱ་གར་དབུས་གཞུང་གིས་སོག་ཡུལ་དུ་སྟོན་པའི་རིང་སྲེལ་འགྲེམས་སྟོན་གནང་ཡོད་ཅིང་། མཛད་སྒོའི་སྟེང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྩལ་ཡོད་ལ་༸གོང་ས་མཆོག་དེ་སྔོན་ཕྱི་ལོ་༡༩༧༩ལོར་སོག་ཡུལ་དུ་ཐོག་མར་ཆིབས་སྒྱུར་བསྐྱངས་གནང་མཛད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎